མཚོ་སྔོན་ཡོམ་ཁུལ་གྱི་འཚོ་བའི་ཉེར་མཁོའི་དངོས་རྫས་ཉར་གསོག་འདང་ཚིམ་པ་བྱས་ཡོད།
2023.12.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ12པའི་ཚེས28ཉིན། གསར་འགོད་པས་ཞིང་ཆེན་ཡོམ་འགོག་རྒུད་སྐྱོབ་ཡུལ་དངོས་བཀོད་འདོམས་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གི་ཡོམ་ཁུལ་གྱི་འཚོ་བའི་ཉེར་མཁོའི་དངོས་རྫས་ཉར་གསོག་འདང་ཚིམ་པ་བྱས་ཡོད་ལ། མཁོ་འདོན་རྒྱུན་ལྡན་ཡིན་ཟེར།

ཚེས27ཉིན། མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དང་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་། ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་བཅས་རྫོང་གསུམ་གྱི་མཁོ་འདོན་འགན་སྲུང་ཁེ་ལས་བཅུ་གསུམ་གྱི་འབྲས་དང་ཕྱེ། སྣུམ་བཅས་ཏུན་སོ་གཅིག་ལྷག་དང་། ཕག་ཤ་དང་ལུག་ཤ སྐམ་ཤ་ཏུན་བཞི་དང་གྲངས་ཆུང་དགུ། བྱ་སྒོང་ཏུན་བཅོ་ལྔ་ལྷག སྔོ་ཚུལ་ཏུན་ཞེ་གཉིས་ལྷག སྟབས་བདེ་ཟས་རིགས་ཤོག་སྒམ་དྲུག་ཅུ་ཚོང་འདྲེན་བྱས་པ་དང་། འབྲས་དང་སྣུམ་ཕྱེ་ཏུན་ཉེར་གཅིག་ལྷག་དང་། ཕག་ཤ་དང་སྐམ་ལུག་ཤ་ཏུན་བཞི་ལྷག བྱ་སྒོང་ཏུན་དྲུག་ལྷག སྔོ་ཚལ་ཏུན་ཞེ་གསུམ་ལྷག སྟབས་བདེ་ཟས་རིགས་སྒམ་སུམ་བརྒྱ་དང་གྱ་གཅིག་བྲིན་ཚོང་སྡེབ་སྐྱེལ་བྱས་ལ། མཛོད་ཉར་བྱས་པའི་འབྲས་དང་སྣུམ་ཕྱེ་ཏུན་སུམ་བརྒྱ་དང་དྲུག་ཅུ་ལྷག་དང་། ཕག་ཤ་དང་སྐམ་ལུག་ཤ་ཏུན་སུམ་བརྒྱ་དང་གཅིག་ལྷག བྱ་སྒོང་ཏུན་བཅུ་དྲུག་ལྷག སྔོ་ཚལ་ཏུན་བརྒྱ་དང་ཉེར་བདུན་ལྷག སྟབས་བདེ་ཟས་རིགས་སྒམ་སྟོང་གཉིས་དང་ལྔ་བརྒྱ་གོ་དགུ་བཅས་ཉར་གསོག་བྱས་ཡོད།

རིན་ཆེན་མཚོས་བསྒྱུར།