གསར་འགོད་པས་ཉེ་སྔོན་ནོར་སྲིད་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་བུན་ལས་གཞི་ལག་བསྟར་བྱ་བའི་རྐྱེན་སྲོལ་གྱིས་གཏན་ཁེལ་བྱས་པའི་སྐོར་ཐེངས་གཉིས་པའི་ལས་གཞིའི་གསལ་ཁྲ་གཞིར་བཟུང་ནས། ནོར་སྲིད་པུའུ་ཡིས་ཉེ་ལམ་སྐོར་ཐེངས་གཉིས་པའི་རྒྱལ་བུན་མ་དངུལ་གྱི་སྔོན་རྩིས་སྒོར་ཁྲག་ཁྲིག་ལྔ་དང་ཐེར་ཆེན་དྲུག་ཐེར་འབུམ་བཞི་དུང་ཕྱུར་དྲུག་བཀོད་སྒྲིག་བྱས།
དེའི་ནང་། ཧའེ་ཧོ་དང་སུང་ཧྭ་ཅང་ཆུ་བོའི་བཞུར་རྒྱུད་སོགས་བྱང་རྒྱུད་ས་ཁུལ་གཙོར་བྱས་པའི་རྐང་འཛིན་ཞོད་འགོག་བཅོས་སྐྱོང་བཟོ་སྐྲུན་གྱི་ཁ་གསབ་མ་དངུལ་སྒོར་ཐེར་ཆེན་དགུ་དང་ཐེར་འབུམ་བརྒྱད་དུང་ཕྱུར་གསུམ་ཡོད་ལ། ལས་གཞི་བརྒྱ་དང་གྱ་གསུམ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། དེ་ལས་གཞན་པའི་ཞོད་འགོག་བཟོ་སྐྲུན་གཙོ་བོའི་ཁ་གསབ་མ་དངུལ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་བདུན་ཐེར་འབུམ་བཞི་དུང་ཕྱུར་བརྒྱད་འདུ་བ་དང་། དེས་ལས་གཞི་སྟོང་ལྔ་དང་སུམ་བརྒྱ་བཅུ་གཅིག་ཐད་རྒྱབ་སྐྱོར་བྱེད་རྒྱུ་རེད། ཞིང་ཆུ་གཏོང་ཡུལ་འཛུགས་སྐྲུན་བསྒྱུར་བཀོད་དང་ས་ཆུ་ཤོར་བར་བཅོས་སྐྱོང་བྱེད་པའི་བཟོ་སྐྲུན་གཙོ་བོའི་ཁ་གསབ་མ་དངུལ་སྒོར་ཁྲག་ཁྲག་གཅིག་དང་ཐེར་ཆེན་གཅིག་ཐེར་འབུམ་གཅིག་དུང་ཕྱུར་ལྔ་འདུ་ལ། དེས་ལས་གཞི་སྟོང་གཅིག་དང་ལྔ་བརྒྱ་བཅུ་གཅིག་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། གྲོང་ཁྱེར་གྱི་ཆུ་འདོན་ཞོད་འགོག་ནུས་པ་མཐོར་འདེགས་འགུལ་སྐྱོད་ཐད་ཀྱི་ཁ་གསབ་མ་དངུལ་སྒར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་བཞི་འདུ་བ་དང་། དེས་ལས་གཞི་སྟོང་གཉིས་དང་སུམ་བརྒྱ་དོན་གཉིས་ཐད་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། རང་བྱུང་གནོད་འཚེའི་ཕྱོགས་བསྡུས་འགོག་བཅོས་མ་ལག་འཛུགས་སྐྲུན་བཟོ་སྐྲུན་ཐད་ཀྱི་ཁ་གསབ་མ་དངུལ་སྒོར་ཐེར་ཆེན་བཞི་ཡོད་པ་དང་། དེས་ལས་གཞི་ཉིས་བརྒྱ་དང་བརྒྱད་ཅུ་ལ་རྒྱབ་སྐྱོར་བྱེད་རྒྱུ་རེད།
གོང་གི་མ་དངུལ་ལག་ཏུ་འབྱོར་རྗེས། ནོར་སྲིད་པུའུ་ཡིས་ཐབས་མང་མཉམ་སྤྱོད་ཀྱིས་མ་དངུལ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། ལས་གཞི་ལག་བསྟར་བྱེད་པ་དམ་འཛིན་བྱེད་པ། མ་དངུལ་རེ་རེར་དོ་དམ་བཟང་བོ་བྱེད་པ་དང་བཀོལ་སྤྱོད་བཟང་བོ་བྱས་ནས། མ་དངུལ་བཀོལ་སྤྱོད་ཐད་ནས་ཕན་འབྲས་ཐོབ་པར་ཁག་ཐེག་བྱེད་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།