ཟླ1ཚེས8ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི་ཚོགས་པ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོ་རྒྱ་གྲམ་དམར་པོའི་ཚོགས་པ་སྤྱིའི་ཚོགས་པས2023ལོའི་རྒྱ་གྲམ་དམར་པོའི་དང་བླངས་ཞབས་ཞུའི་སྔོན་ཐོན་དཔེ་མཚོན་འདེམ་སྒྲུག་བྱེད་པའི་བྱ་འགུལ་སྤེལ་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ཕུལ་དུ་བྱུང་བའི་རྒྱ་གྲམ་དམར་པོའི་དང་བླངས་པ་བརྒྱད་དེའི་ཁྲོད་ཚུད།
རང་ཞིང་གི་རྒྱལ་ཡོངས་རྒྱ་གྲམ་དམར་པོའི་དང་བླངས་པའི་ཞབས་ཞུའི་སྔོན་ཐོན་དཔེ་མཚོན་གྱི་མཚན་སྙན་ཐོབ་པའི་མི་བརྒྱད་པོ་ནི། ཟི་ལིང་གྲོང་ཁྱེར་རྒྱ་གྲམ་དམར་པོའི་ཧྲིན་དབྱིན་མུག་སྐྱོབ་རོགས་སྐྱོབ་རུ་ཁག་གི་རུ་དཔོན་མཱ་ཝེ་ཅུན་དང་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་རྒྱ་གྲམ་དམར་པོའི་འཕྲལ་བསྟུན་སྐྱོབ་སྲུང་དང་བླངས་ཞབས་ཞུའི་རུ་ཁག་གི་དང་བླངས་པ་མཱ་མེན་ཅའོ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་དང་བླངས་པ་ཡུའེ་ཁྲུན་ལུའུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་དང་བླངས་པ་ཧི་ཏི་ཞི། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྗོང་ལམ་ལུང་སྡེ་བའི་རྒྱ་གྲམ་དམར་པོ་ཚོགས་པའི་དང་བླངས་པ་ཁྲང་ཨའེ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་རྒྱ་གྲམ་དམར་པོ་ཚོགས་པའི་དང་བླངས་པ་ཚེ་རིང་སྒྲོལ་དཀར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་དང་བླངས་པ་ལན་ཞའོ་མེན། མཚོ་སྔོན་མི་རིགས་སློབ་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་སློབ་མ་ཚོགས་པ་ཡན་ལག་ཚོགས་པའི་ཚོགས་གཙོ་ཀྲང་ཧུང་མེ་བཅས་ཡིན།
རིན་ཆེན་མཚོས་བསྒྱུར།