ཟླ1ཚེས8ཉིན། གསར་འགོད་པས་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉེར་གསུམ་ལོའི་རྒྱལ་ཡོངས་གསུམ་བརྒྱད་བུད་མེད་དར་དམར་སྒྲེང་མཁན་གྱི་དཔེ་དམག་དང་། རྒྱལ་ཡོངས་གསུམ་བརྒྱད་དར་དམར་སྒྲེང་མཁན་ཐུན་མོང་གི་གཟེངས་བསྟོད་བྱ་འཆར་གྱི་འདེམ་སྒུག་མིང་ཐོ་སྤྱི་བསྒྲགས་བྱས་པ་དང་། ཆོས་དབྱིངས་སྐྱིད་སོགས་རྒྱལ་ཡོངས་ཀྱི་གཟེངས་བསྟོད་བྱ་འཆར་གྱི་འདེམ་སྒུག་པའི་མིང་ཐོའི་ཁྲོད་ཚུད། དེའི་ཁྲོད་རྒྱལ་ཡོངས་གསུམ་བརྒྱད་དར་དམར་སྒྲེང་མཁན་གྱི་དཔེ་དམག་གི་འདེམ་སྒུག་པ་གཅིག་དང་རྒྱལ་ཡོངས་གསུམ་བརྒྱད་དར་དམར་སྒྲེང་མཁན་གྱི་འདེམ་སྒུག་པ་བཞི། རྒྱལ་ཡོངས་གསུམ་བརྒྱད་དར་དམར་སྒྲེང་མཁན་ཐུན་མོང་གི་འདེམ་སྒུག་ལས་ཁུངས་བཞི་བཅས་ཡོད།
རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི《2023ལོའི་རྒྱལ་ཡོངས་ཀྱི་གསུམ་བརྒྱད་བུད་མེད་དར་དམར་སྒྲེང་མཁན་གྱི་དཔེ་དམག་དང་རྒྱལ་ཡོངས་ཀྱི་གསུམ་བརྒྱད་བུད་མེད་དར་དམར་སྒྲེང་མཁན་ཐུན་མོང་གི་དཔྱད་འདེམ་བྱེད་སྒོ་སྤེལ་བའི་སྐོར་གྱི་བརྡ་ཐོ》ཡི་བླང་བྱ་གཞིར་བཟུང་བ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གིས་འོས་སྦྱོར་བྱས་པ་དང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཤེར་འབེབས་དང་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལ་རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་སྒྲེང་མཁན་གྱི་དཔེ་དམག་གི་འདེམ་སྒུག་པ་གཅིག་དང་། རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་སྒྲེང་མཁན་གྱི་འདེམ་སྒུག་པ་བཞི། རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་སྒྲེང་མཁན་ཐུན་མོང་གི་འདེམ་སྒུག་ལས་ཁུངས་བཞི་བཅས་བྱ་འཆར་གྱི་གནས་ཚུལ་ཡོངས་བསྒྲགས་བྱས། ཐེངས་འདིར་འོས་སྦྱོར་བྱ་རྩིས་ཡོད་པའི་འདེམ་སྒུག་མིང་ཐོའི་ཁྲོད་དུ། རྒྱལ་ཡོངས་ཀྱི་གསུམ་བརྒྱད་བུད་མེད་དར་དམར་སྒྲེང་མཁན་གྱི་དཔེ་དམག་གི་འདེམ་སྒུག་པ་གཅིག་སྟེ་མཚོ་སྔོན་ཞིང་ཆེན་ལུས་རྩལ་བྱ་བའི་རུ་ཆེན་དང་པོའི་རིམ་པ་གཉིས་པའི་རྩལ་ཁྲིད་པ་དང་ལུས་རྩལ་པ་ཆོས་དབྱིངས་སྐྱིད་རེད། རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་སྒྲེང་མཁན་གྱི་འདེམ་སྒུག་པ་བཞི་སྟེ། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་པ་ལིས་ཅིན། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ཚད་བརྒལ་མཐོ་གནོན་ཀུང་སིའི་ཟི་ལིང་འཁོར་སྐྱོད་སྲུང་སྐྱོབ་ཡན་ལག་པུའུ་ཡི་གློག་སྒྱུར་དང་འཁོར་སྐྱོད་སྲུང་སྐྱོབ་ལག་རྩལ་གྱི་ཆེད་དོན་འགན་འཁུར་པ་ཝུའུ་ཅ་ནན། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པུའུ་བརྒྱད་པའི་ཀྲུའུ་རིན་ཏང་ཁྲུན་ཡན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལམ་རྫོང་ཤངས་སྡེ་གྲོང་རྡལ་ཁྲའེ་ཞིན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞུས་ཧྲུའུ་ཅུའུ་བཅས་རེད། རྒྱལ་ཡོངས་ཀྱི་གསུམ་བརྒྱད་སྒྲེང་མཁན་གྱི་ཐུན་མོང་འདེམ་སྒུག་ལས་ཁུངས་བཞི་སྟེ་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་འཆད་ཁྲིད་པའི་ཚོགས་པ་དང་ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཤེས་བྱའི་བདག་དབང་འདྲི་གཅོད་ཁང་། མཚོ་ཤར་གྲོང་ཁྱེར་ཕིང་ཨན་ཆུའུ་སྲིད་དོན་ཞབས་ཞུའི་ལྟེ་གནས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་བཅས་རེད།
མི་ཕམ་མགོན་པོས་བསྒྱུར།