2023ལོར་རང་རྒྱལ་གྱིས་ཆུ་བེད་འཛུགས་སྐྲུན་ཐད་མ་དངུལ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གཅིག་ཐེར་ཆེན་དགུ་ཐེར་འབུམ་དགུ་དུང་ཕྱུར་དྲུག་བཏང་།
2024.01.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཆུ་བེད་པུའུ་ཡིས་བསྒྲགས་པའི་གནས་ཚུལ་ལྟར་ན། 2023ལོར། རྒྱལ་ཁབ་ཆུ་དྲའི་སྒྲོམ་གཞི་གཙོ་བོ་མྱུར་དུ་འཛུགས་སྐྲུན་བྱས་པ་དང་། ཞིང་ཆེན་རིམ་པའི་ཆུ་དྲའི་སྔོན་ཁྲིད་ཁུལ་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ལ། གྲོང་ཁྱེར་དང་རྫོང་རིམ་པའི་ཆུ་དྲའི་སྔོན་ཁྲིད་ཁུལ་རྒྱུན་མཐུད་ངང་འཛུགས་སྐྲུན་བྱས་པ་དང་། རྒྱལ་ཡོངས་སུ་ཆུ་བེད་འཛུགས་སྐྲུན་གྱི་མ་དངུལ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གཅིག་ཐེར་ཆེན་དགུ་ཐེར་འབུམ་དགུ་དུང་ཕྱུར་དྲུག་གཏོང་བ་མངོན་འགྱུར་བྱས་ནས། ལོ་རྒྱུས་ཀྱི་ཆེས་མཐོ་བའི་ཆུ་ཚད་དུ་སླེབས། དེའི་ཁྲོད། ཅི་ལེན་ཆུ་དྲའི་རྐང་འཛིན་བཟོ་སྐྲུན་སོགས་ཆུ་བེད་བཟོ་སྐྲུན་ཆེན་པོ་ཞེ་བཞི་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། ཞི་ཅང་ཏ་ཐིན་འགག་ཆུ་བེད་ལྟེ་གནས་སོགས་ཆུ་བེད་བཟོ་སྐྲུན་འཛུགས་སྐྲུན་སྐོར་ཞིག་འཛུགས་སྐྲུན་ཐད་ནས་གནད་འགག་དུས་རིམ་གྱི་དམིགས་འབེན་མངོན་འགྱུར་བྱས་ལ། འབྲི་ཆུའི་བཞུར་རྒྱུད་ཀྱི་ཡོ་ཅ་ཕིང་ཆུ་མཛོད་སོགས་བཞུར་རྒྱུད་ཀྱི་ཞོད་འགོག་བཟོ་སྐྲུན་མ་ལག་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང་། ཆུ་དྲང་ཡུལ་ཆེན་པོ་ལྔ་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། ཆུ་དྲང་ཡུལ་འབྲིང་བ་ལྔ་བརྒྱ་དང་གོ་བརྒྱད་འཛུགས་སྐྲུན་དང་དེང་རབས་ཅན་གྱི་བསྒྱུར་བཀོད་བཟོ་སྐྲུན་མྱུར་དུ་ལག་བསྟར་བྱས། ཞིང་སྡེའི་རང་འབབ་ཆུ་ཁྱབ་གདལ་དུ་གཏོང་བའི་ཚད་བརྒྱ་ཆའི་དགུ་བཅུ་རུ་སླེབས་པ་དང་། གཞི་ཁྱོན་ཅན་གྱི་ཆུ་འདོན་བཟོ་སྐྲུན་ཞིང་སྡེའི་མི་གྲངས་སྟེང་ཁེབས་པའི་ཚད་བརྒྱ་ཆའི་དྲུག་ཅུ་རུ་སླེབས།

རིན་ཆེན་མཚོས་བསྒྱུར།