ཟླ1ཚེས12ཉིན། གསར་འགོད་པས་དུས་རབས་གསར་བ། མཚོ་སྔོན་གསར་བ། སྐྱོད་ལམ་གསར་བ་ཞེས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། 2022ལོའི་ལོ་སྨད་ནས2023ལོའི་ལོ་སྟོད་དུ་མཚོ་སྔོན་ཞིང་ཆེན་རྩིས་བཤེར་ཐིན་གྱིས་བསྡོམས་པས་རྩིས་བཤེར་ལས་གཞི་སོ་གསུམ་ལེགས་འགྲུབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ས་ཁུལ་དང་ལས་ཁུངས། སྡེ་ཁག ཁེ་ལས། དངུལ་རྩའི་ལས་ཁུངས་ལྔ་བརྒྱ་དང་དོན་བདུན་ལ་རྩིས་བཤེར་རམ་རྩིས་བཤེར་རྟོག་ཞིབ་བྱས། ཞིང་ཆེན་རྩིས་བཤེར་ཐིན་གྱིས་གཙོ་བོར་ནོར་སྲིད་སྲིད་འབྲས་དང་དམངས་ཚིས་འགན་སྲུང་ལེགས་བཅོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། སྲིད་ཇུས་གལ་ཆེན་ལག་བསྟར་བྱེད་པ་དང་ལས་གཞི་གལ་ཆེན་འཛུགས་སྐྲུན་སོགས་ལ་གཞི་བྱས་ནས་ཁྲིམས་ལྟར་རྩིས་བཤེར་ལྟ་སྐུལ་འགན་འཁྲི་ནན་སྒྲུབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ཀྱི་སྤུས་ཚད་ལུགས་མཐུན་ངང་འཕར་སྣོན་འབྱུང་བར་སྐུལ་འདེད་བཏང་བ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་མུ་མཐུད་དུ་གྲུབ་འབྲས་གསར་བ་ལེན་པར་ཡར་སྐུལ་བྱས།
ཞིང་ཆེན་རྩིས་བཤེར་ཐིན་གྱིས་ནོར་སྲིད་མ་དངུལ་འཁོར་སྐྱོད་ཀྱི་གོ་རིམ་ཧྲིལ་བོའི་ལྟ་སྐུལ་ཤུགས་དྲག་ཏུ་གཏོང་བ་དང་ནོར་སྲིད་མ་དངུལ་ཡར་སྤྲད་པ་དུས་ལྟར་མིན་པ་དང་ལས་གཞིའི་དངུལ་གཏོང་གི་ཚད་ཅུང་དམའ་བ། སྤྱིར་བཏང་གི་བུན་འཛིན་མ་དངུལ་བཀོལ་སྤྱོད་ཚད་ལྡན་མིན་པའི་གནད་དོན་གསལ་བསྒྲགས་བྱས་པ་དང་། ནོར་སྲིད་དོ་དམ་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་འབྱུང་བར་རོགས་འདེགས་བྱས། སྐྱེ་ཁམས་མ་དངུལ་སྤྱོད་སྒོའི་ཕན་འབྲས་མཐོར་འདེགས་གཏོང་བ་གཙོ་སྙིང་དུ་བྱས་ནས་ནགས་ལས་སྲུང་སྐྱོབ་དང་སླར་གསོའི་མ་དངུལ་ཆེད་དོན་རྩིས་བཤེར་རྟོག་ཞིབ་སྤེལ་ནས་ནགས་ལས་བཅོས་སྒྱུར་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་བཀོལ་སྤྱོད་བྱས་པ་སོགས་ཀྱི་གནད་དོན་གསལ་བསྒྲགས་བྱས་ཏེ། ཆེད་དོན་མ་དངུལ་བདེ་འཇགས་དང་ཕན་ནུས་མཐོ་བའི་ངང་འཁོར་སྐྱོད་བྱེད་པར་འགན་སྲུང་བྱས། ཕྱི་དངུལ་གྱིས་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམིགས་འབེན་དུ་བྱས་ནས་ཨེ་ཤ་ཡའི་གསར་སྤེལ་དངུལ་ཁང་གི་བསྐྱི་དངུལ་མཚོ་སྔོན་མཚོ་ཤར་གྱི་མཁར་གྲོང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞིའི་ཐད་བཀོལ་བའི་རྩིས་བཤེར་བྱ་བ་སྤེལ་ནས་ལས་གཞིའི་བསྐྱི་དངུལ་བཀོལ་སྤྱོད་ཀྱི་ཚད་དམའ་བ་སོགས་ཀྱི་གནད་དོན་གསལ་བསྒྲགས་བྱས་པ་དང་། ཕྱི་དངུལ་འཁོར་སྐྱོད་ལུགས་མཐུན་དང་ཕན་འབྲས་ལྡན་པར་འགན་སྲུང་བྱས།
ཁེ་ལས་ཆུང་འབྲིང་གི་དངུལ་ཆད་འགོག་ཟོན་དང་ཐག་གཅོད་བྱེད་པའི་སྲིད་ཇུས་གལ་ཆེན་དང་བྱེད་ཐབས་དང་། རྒྱལ་ཁབ་གྲོང་གསེབ་དར་སྤེལ་རོགས་སྐྱོར་རྫོང་གི་དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་སྤེལ་སྦྲེལ་མཐུད་ནུས་ལྡན་བྱེད་པའི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་གནས་ཚུལ་གྱི་ལྟ་རྟོག་ཕན་འབྲས་ཇེ་དྲག་ཏུ་བཏང་ནས་ཁེ་ལས་ཆུང་འབྲིང་གི་རྩིས་ཁྲ་དང་ཐོན་ལས་ལས་གཞིས་དུས་ལྟར་ཡོང་སྒོ་བགོ་མ་ཐུབ་པ་དང་དབུལ་ཐར་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་འབྱུང་བར་སྣེ་ཁྲིད་བྱེད་མ་ཐུབ་པ་སོགས་ཀྱི་གནད་དོན་གསལ་བསྒྲགས་བྱས་ནས་སྲིད་ཇུས་གལ་ཆེན་ལག་བསྟར་ལ་སྐུལ་འདེད་བཏང་ནས་སྲིད་བཀའ་གེགསམེད་ཡོང་བར་འགན་སྲུང་བྱས།
མི་ཕམ་མགོན་པོས་བསྒྱུར།