2024ལོའི་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་གཞུང་ཞབས་པ་ཡོངས་བསྒྲགས་འདེམ་སྒྲུག་བྱེད་པའི་བྱ་བ་ཁྱོན་ཡོངས་ནས་སྒྲུབ་འགོ་ཚུགས།
2024.01.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཞིང་ཆེན་ཡོངས་ཀྱི་གཞུང་ཞབས་པའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་དང་། མི་འདེམས་པ་དང་སྤྱོད་པའི་མཐོང་རྒྱ་བསྐྱེད་པ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་མི་འདེམས་སྤྱོད་ཐབས་ལམ་ཚད་ལྡན་ཡོང་བ་དང་། གཞི་རིམ་ནས་ཡོང་བའི་གཞུང་ཞབས་པ་འདེམས་བསྐོའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་ཀྱི་ཆེད་དུ། ཟླ་དང་པོའི་ཚེས་བཅུ་དགུ་ཉིན། ཞིང་ཆེན་གཞུང་ཞབས་པའི་ཅུའུ་ཡིས་སྤྱི་ཚོགས་ལ་ཁ་གཏད་ནས2024ལོའི་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་གཞུང་ཞབས་པ་ཡོངས་བསྒྲགས་འདེམ་སྒྲུག་བྱེད་པའི་སྤྱི་བསྒྲགས་སྤེལ་བ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་གཞུང་ཞབས་པ་ཡོངས་བསྒྲགས་འདེམ་སྒྲུག་བྱེད་པའི་ད་ལོའི་བྱ་བ་དངོས་སུ་སྒྲུབ་འགོ་ཚུགས།

རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་ཡོངས་བསྒྲགས་འདེམ་སྒྲུག་ལ་ཞུགས་མཁན་བསྡོམས་པས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཉི་ཤུ་ཡིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་རིམ་པ་དང་དེའི་མན་གྱི་ལས་ཁུངས་ལ་ཁ་གཏད་ནས་ཡོངས་བསྒྲགས་འདེམ་སྒྲུག་བྱེད་པའི་གཞི་རིམ་གཞུང་ཞབས་པ་རེ་དགུ་ཡོད། འདེམ་སྒྲུག་བྱ་བར་གཙོ་བོ་སྤྱི་བསྒྲགས་སྤེལ་བ་དང་། མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར། རྒྱུགས་ལེན་པ། རྟོག་ཞིབ། མི་སྣ་ཐག་གཅོད་དང་ལས་འགན་འཁུར་བ་བཅས་རིམ་པ་ལྔ་འདུས། འདེམ་སྒྲུག་ལ་མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ་དང་པོའི་ཚེས་ཉེར་གཉིས་ནས་ཟླ་གཉིས་པའི་ཚེས་ལྔ་ཉིན་བར་རེད། ཡིག་རྒྱུགས་བྱ་བ་དེ་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་གཅིག་གྱུར་གྱིས་རྩ་འཛུགས་དང་ལག་བསྟར་བྱ་རྒྱུ་རེད། རིམ་པ་གཞན་པ་རྣམས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་འདེམ་སྒྲིག་ལས་ཁུངས་ཀྱིས་བྱ་བའི་ཇུས་གཞི་དང་འབྲེལ་ཡོད་གཏན་འབེབས་ལྟར་བསྒྲུབ་རྒྱུ་རེད།

ལྷ་མོ་འཚོས་བསྒྱུར།