མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་མཚོ་སྔོན་ཞིང་ཆེན་གྱི2023ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2024ལོའི་སྔོན་རྩིས་ཀྱི་གྲོས་ཆོད།
(2024ལོའི་ཟླ1ཚེས28ཉིན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་གྲོས་འཆམ་བྱུང་།)
མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་སྟེང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་བཏོན་པའི《མཚོ་སྔོན་ཞིང་ཆེན་གྱི2023ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2024ལོའི་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ》། 2024ལོའི་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་བྱས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་མཇུག་འབྲས་སྙན་ཞུར་མོས་མཐུན་བྱུང་། ཚོགས་ཐོག་ཏུ《མཚོ་སྔོན་ཞིང་ཆེན་གྱི2023ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2024ལོའི་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུར》ཆོག་མཆན་འགོད་རྒྱུ་དང་། མཚོ་སྔོན་ཞིང་ཆེན་གྱི2024ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལ་ཆོག་མཆན་འགོད་རྒྱུའི་ཐག་བཅད།
ཤ་བོ་གསེར་མཚོས་བསྒྱུར།