དུས་རབས་གསར་བ་དང་མཚོ་སྔོན་གསར་བ།  སྐྱོད་ལམ་གསར་བ་ཞེས་པའི་རྨ་ལྷོ་ཁུལ་གྱི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས།
2024.01.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཟླ1ཚེས29ཉིན།  དུས་རབས་གསར་བ། མཚོ་སྔོན་གསར་བ།   སྐྱོད་ལམ་གསར་བ་ཞེས་པའི་རྨ་ལྷོའི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས་ཏེ།   རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སོང་བའི་གནས་ཚུལ་སྒྲོག་སྤེལ་བྱས་པར་མ་ཟད།   གསར་འགོད་པའི་དྲི་བར་ལན་བཏབ།

གསར་འགོད་པས་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན།  2023ལོར།   རྨ་ལྷོ་ཁུལ་གྱི་ས་ཁུལ་ཐོན་སྐྱེད་སྤྱིའི་འབོར་གྲངས་བརྒྱ་ཆའི་གཉིས་གྲངས་ཆུང་གཉིས་ཡས་མས་སུ་འཕར་སྣོན་བྱུང་བ་དང་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་མ་རྩའི་དངུལ་གཏོང་ཚད་བརྒྱ་ཆའི་དྲུག་གྲངས་ཆུང་བརྒྱད་ལ་འཕར་སྣོན་བྱུང་ཞིང་།   ས་གནས་ནོར་སྲིད་ཀྱི་སྤྱི་བའི་སྔོན་དཔག་ཡོང་སྒོ་བརྒྱ་ཆའི་ལྔ་གྲངས་ཆུང་བདུན་དང་སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་ཆོག་པའི་ཡོང་སྒོ་བརྒྱ་ཆའི་དྲུག་གྲངས་ཆུང་གསུམ་གྱི་ཡན་ལ་འཕར་སྣོན་བྱུང་ལ།  སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་ཐད་གཏན་འཇགས་སྲུང་འཛིན་བྱས་པ་དང་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ཐད་གྲུབ་འབྲས་གསར་པ་བླངས་ཏེ་དེང་རབས་ཅན་འཛུགས་སྐྲུན་ཐད་གོམ་སྟབས་བརྟན་པོ་སྤོས།

སྒྲོག་སྤེལ་ཚོགས་འདུའི་སྟེང་།   རྨ་ལྷོ་ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཝུའུ་ཝན་དབྱིན་གྱིས་སྐྱེ་ཁམས་དགེ་མཚན་སྲ་བརྟན་མཐོར་འདེགས་བཏང་བ་དང་ཁྲོམ་རའི་གསོན་ཤུགས་མངོན་གསལ་སྒོས་ཇེ་དྲག་ཏུ་སོང་བ།   ཐོན་ལས་གསོ་སྐྱོང་གོམས་སྟབས་ཇེ་མགྱོགས་སུ་སོང་བ།   མཁར་གྲོང་གི་རྣམ་པར་ལེགས་བཅོས་ཆེན་པོ་བྱུང་བ།  བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་ཟབ་མོ་བཏང་བ།   སྤྱི་ཚོགས་ལས་དོན་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བ།   བདེ་འཇགས་འཛུགས་སྐྲུན་ནུས་ཡོད་ནུས་ལྡན་ཡིན་པ་སོགས་ཕྱོགས་བརྒྱད་ཐད་ནས་2023ལོའི་རྨ་ལྷོ་ཁུལ་གྱི་བྱ་བ་སོ་སོའི་གྲུབ་འབྲས་མཚམས་སྦྱོར་བྱས།

2023ལོར།  རྨ་ལྷོ་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བཟང་དུ་སོང་བ་དང་།  འཛད་སྤྱོད་ཁྲོམ་ར་མགྱོགས་མྱུར་སླར་གསོ་བྱུང་སྟེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་གནས་གསོན་ཤུགས་མུ་མཐུད་དུ་ཇེ་དྲག་ཏུ་སོང་།   ལྗང་མདོག་ཞིང་ཕྱུགས་རྒྱུན་མཐུད་ངང་སྟོབས་ལྡན་དུ་སོང་སྟེ་ཞིང་ལས་སྐྱེ་དངོས་འདེབས་འཛུགས་རྒྱ་ཁྱོན་དང་ཐོན་ཚད་ཐད་ཕྱོགས་ལྔ་ནས་བསྟུད་མར་འཕར་སྣོན་འབྱུང་བ་མངོན་འགྱུར་བྱས་ལ།   རྩེ་ཁོག་དེང་རབས་ཐོན་ལས་གླིང་རྒྱལ་ཡོངས་ཀྱི་སྐོར་དང་པོའི་ཞིང་ལས་རིག་གནས་ཀྱི་ལག་ལེན་རྟེན་གཞིར་བདམས་པར་མ་ཟད།   ཕྱིར་གཏོང་ཁུལ་གྱི་སྔོན་བསྐྱོད་དཔེ་སྟོན་ཁུལ་གསར་འཛུགས་ཀྱི་དཔྱད་ཞིབ་བྱ་བ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས།  མཁར་གྲོང་འཕེལ་རྒྱས་ཀྱི་གཞི་གཅིག་ཅན་གྱི་རྣམ་པ་གསར་པ་མགྱོགས་མྱུར་སྒོས་གྲུབ་སྟེ་མཉམ་འདྲེས་མཉམ་མཛེས་ཀྱི་རྣམ་པ་གསར་པ་མངོན།    རྒྱལ་དབང་ཁེ་ལས་དང་ནོར་སྲིད་སྒྲིག་གཞི། གློད་སྡོམ་ཞབས་གསུམ། ཞིང་ལས་ཞིང་སྡེ་སོགས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གྲུབ་འབྲས་མངོན་གསལ་ཡིན་ལ།    ཁུལ་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་ཁུལ་ལ་ཚན་རྩལ་པུའུ་ཡི་ཞིབ་བཤེར་རྩིས་ལེན་ཐོབ་སྟེ་བཅོས་སྒྱུར་གསར་སྐྲུན་གྱི་བྱེད་ནུས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་སོང་།   རྨ་ལྷོ་ཁུལ་གྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ནུས་ཁུངས་དགེ་མཚན་དེ་མགྱོགས་མྱུར་སྒོས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་དགེ་མཚན་གསར་པར་སྒྱུར་བཞིན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན།  རྨ་ལྷོ་ཁུལ་གྱིས་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ་ཆ་ཚང་ཞིང་ཡང་དག་ལ།   ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་རྒྱུན་མཐུད་ངང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ།    ཐོན་ལས་གནས་བཞི་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པ།   ཡུན་སྐྱོང་བདེ་འགོད་དང་དེང་རབས་ཅན་འཛུགས་སྐྲུན་ཐད་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྨ་ལྷོའི་ལེའུ་གསར་པ་འབད་པས་འབྲི་རྒྱུ་རེད།

ལྷ་མོ་ཚེ་རིང་གིས་བསྒྱུར།