2024ལོའི་མཚོ་སྔོན་གྱི་ཞིང་ཆེན་རིམས་ནད་འགོག་སྡོམ་བྱ་བའི་གྲོས་ཚོགས་བསྡུས།
2024.02.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ2པའི་ཚེས1ཉིན། 2024ལོའི་མཚོ་སྔོན་ཞིང་ཆེན་གྱི་རིམས་ནད་འགོག་སྡོམ་བྱ་བའི་གྲོས་ཚོགས་བསྡུས། ཚོགས་ཐོག་ནས2023ལོའི་རིམས་འགོག་བྱ་བར་སྤྱི་སྡོམ་དང2024ལོའི་ལས་འགན་གཙོ་བོར་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། 2023ལོའི་ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་མ་ལག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ལག་བསྟར་ནན་མོ་བྱས་པ་དང་། བྱ་བ་སྣ་ཚོགས་ལ་གྲུབ་འབྲས་མངོན་གསལ་བླངས། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྡོམ་བརྟན་འཇགས་དང་གོ་རིམ་ལྡན་པར་གྱུར་བ་དང་། རིགས་ཁ་བར་རིམ་པ་ཁ་བའི་རྒྱུན་རྣམ་ཅན་དོ་དམ་བྱེད་ཐབས་ནུས་ལྡན་སྤྱད་པ་དང་། སྟོན་དགུན་དུས་ཀྱི་དབུགས་ལམ་རིམས་ནད་འགོག་སྡོམ་བྱས་པ་དུས་ཐོག་དང་ཕན་ལྡན་ཡིན་ལ། ནད་མང་མཉམ་འགོག་གི་རྐྱེན་སྲོལ་འཐུས་ཚང་དུ་བཏང་། རིམས་འགོག་ལས་ཁུངས་བཅོས་སྒྱུར་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ལ། རང་ཞིང་གི་རིམས་འགོག་ནུས་པ་ལོ་གསུམ་རིང་མཐོར་འདེགས་གཏོང་བའི་འགུལ་སྐྱོད་ལག་བསྟར་བྱས་པ་དང་། རིམ་པ་སོ་སོའི་རིམས་འགོག་ལས་ཁུངས་ཀྱི་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་། འཛུགས་སྐྲུན་ལས་གཞི་མང་བོ་ལག་བསྟར་བྱས་པ་དང་ལྟ་རྟོག་ཉེན་ཟོན་ནུས་པ་རྒྱུན་མཐུད་ཀྱིས་མཐོར་འདེགས་བྱུང་ལ། འཕྲལ་བསྟུན་ཐག་གཅོད་ནུས་པ་མངོན་གསལ་གྱིས་ཇེ་དྲག་ཏུ་ཕྱིན། རིམས་ནད་ཆེ་བའི་རིགས་རྒྱུན་མཐུད་འགོག་བཅོས་བྱེད་པ་དང་ཐུམ་འབུའི་ནད་དང་ས་གནས་ནད་རིགས་འགོག་བཅོས་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་། འགོག་ཁབ་རྒྱག་པའི་ཞབས་ཞུ་ནུས་པ་མཐོར་འདེགས་བཏང་ནས་ཕྱོགས་བསྡུས་ཁྲིམས་བསྟར་བྱ་བའི་ལྟ་སྐུལ་ཤུགས་དྲག་ཏུ་གཏོང་དགོས།

ཚོགས་ཐོག་ནས་བླང་བྱ་བཏོན་དོན། 2024ལོའི་རིམས་ནད་འགོག་སྡོམ་བྱ་བ་དེ་རིམས་འགོག་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་གཙོ་ཐིག་ཏུ་བྱས་ནས་དམིགས་འབེན་ལ་དམིགས་པ་དང་གཙོ་གནད་འབུར་དུ་ཐོན་པ། ལག་བསྟར་དམ་འཛིན་བྱས་ནས་རིམས་འགོག་མ་ལག་གི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ་དང་། པྲོག་གསར་རིམས་ནད་དང་བྱི་ནད་སོགས་འགོས་ནད་གཙོ་བོར་ཁ་གཏད་འཇལ་བ་དང་། གློ་གཅོང་ནད་དང་ཨེ་ཙི་ནད། ཐུམ་འབུའི་ནད་སོགས་ནད་རིགས་ཀྱི་འགོག་བཅོས་ཕན་འབྲས་མུ་མཐུད་མཐོར་འདེགས་བཏང་ནས་མི་དམངས་ཀྱི་བདེ་ཐང་དང་སྤྱི་པའི་འཕྲོད་བསྟེན་བདེ་འཇགས། དཔལ་འབྱོར་སྤྱི་ཚོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་དགོས།

མི་ཕམ་མགོན་པོས་བསྒྱུར།