ཅི་ཧྲི་ཧྲན་གྱི་ཚད་རིམ་དྲུག་གྲངས་ཆུང་གཉིས་ཀྱི་ས་ཡོམ་གྱི་མཚོ་སྔོན་གནོད་ཁུལ་གྱི་གནོད་སྐྱོན་ཐེབས་པའི་ཞིང་པའི་སྡོད་ཁང་ལ་ཉེན་ཚབ་སྐྱིན་གསབ་སྤྲོད་པའི་བྱ་བ་ཡོངས་འགྲུབ་བྱས།
2024.02.05 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 18

ཟླ2པའི་ཚེས4ཉིན།   གསར་འགོད་པས་རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།   ཅི་ཧྲི་ཧྲན་གྱི་ཚད་རིམ་དྲུག་གྲངས་ཆུང་གཉིས་ཀྱི་ས་ཡོམ་གྱི་མཚོ་སྔོན་གནོད་ཁུལ་གྱི་གནོད་སྐྱོན་ཐེབས་པའི་ཞིང་བའི་སྡོད་ཁང་ལ་ཉེན་ཚབ་སྐྱིན་གསབ་སྤྲོད་པའི་བྱ་བ་ཡོངས་འགྲུབ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན།  རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུའུ་ཡིས་ས་ཡོམ་གྱི་གནོད་སྐྱོན་ཐེབས་པའི་ཞིང་བའི་སྡོད་ཁང་ལ་ཉེན་ཚབ་སྐྱིན་གསབ་སྤྲོད་པའི་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཐེངས་མང་བོར་ས་ཡོམ་གནོད་ཁུལ་དུ་སོང་ནས་སྐྱིན་གསབ་སྤྲོད་པའི་བྱ་བའི་འཕེལ་རིམ་ལ་རྟོག་ཞིབ་དང་རྒྱུས་ལོན་བྱས་པ་དང་།    སྐྱིན་གསབ་སྤྲོད་པའི་བྱ་བའི་ཁྲོད་གནས་པའི་གནད་དོན་མཐུན་སྦྱོར་སྒོས་ཐག་བཅད་ལ།   ཉེན་ཚབ་ཀུང་ཟིས་མི་སྣ་དང་སྟོབས་ཤུགས་གཅིག་བསྡུས་ཀྱིས་སྐྱིན་གསབ་སྤྲོད་པའི་བྱ་བར་བརྟག་དཔྱད་བྱས་ཏེ་སྐྱིན་གསབ་སྤྲོད་དགོས་པ་ཚང་མར་སྐྱིན་གསབ་སྤྲོད་པ་དང་མྱུར་དུ་སྐྱིན་གསབ་སྤྲོད་དགོས་པའི་སྐུལ་འདེད་བཏང་།   ས་ཡོམ་བྱུང་རྗེས།       ཁོངས་གཏོགས་ཀྱི་ཉེན་ཚབ་སྡེ་ཁག་གིས་སྐྱིན་གསབ་སྤྲོད་པའི་གེགས་མེད་བགྲོད་ལམ་བཏོད་དེ་སྐྱིན་གསབ་སྤྲོད་པའི་གཅིག་བསྡུས་ཞབས་ཞུ་ས་ཚིགས་བཅུ་བཞི་བཙུགས་པ་དང་།   མཚོ་ཤར་གྲོང་ཁྱེར་ལས་གཞན་པའི་ཉེན་ཚབ་བརྟག་དཔྱད་མི་སྣ་གོ་ལྔ་སྐོང་འཐེན་བྱས་ཏེ་ཉེན་ཚབ་སྐྱིན་གསབ་སྤྲོད་པའི་བྱ་བ་མགྱོགས་མྱུར་སྒོས་སྤེལ་བར་མི་ཤུགས་འགན་སྲུང་འདོན་སྤྲོད་བྱས།

ཟླ1ཚེས31ཉིན་བར་དུ།   སྙན་སེང་བྱས་པའི་ཞིང་པའི་སྡོད་ཁང་གི་ཉེན་ཚབ་གྱོད་དོན་སྟོང་གསུམ་དྲུག་བརྒྱ་ཉེར་གཅིག་ལ་སྐྱིན་གསབ་སྤྲོད་པའི་བྱ་བ་ཡོངས་འགྲུབ་བྱས་པ་དང་།   མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་གཉིས་ཁྲི་གཅིག་སྟོང་བཞི་དྲུག་བརྒྱ་བཏང་ལ།  དེ་ཞིང་ཁྱིམ་ཁྲི་གཅིག་དང་སྟོང་ལྔ་ཞེ་གསུམ་ལ་འབྲེལ་བ་ཡོད་པ་དང་།    2019ལོའི་ཚུན་གྱི་རང་བྱུང་གནོད་འཚེ་ཚབས་ཆེན་ཁྲོད་ཞིང་པའི་སྡོད་ཁང་ལ་ཉེན་ཚབ་སྐྱིན་གསབ་སྤྲད་པ་ཆེས་མང་བ་དང་མ་དངུལ་ཆེས་མང་བའི་ཐེངས་ཤིག་རེད།

ལྷ་མོ་ཚེ་རིང་གིས་བསྒྱུར།