མཚོ་སྔོན་གྱི་མི་གཅིག་ལ་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་གཞུང་ཞབས་པའི་མཚན་སྙན་ཐོབ།
2024.02.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ2པའི་ཚེས4ཉིན། ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་ཆེས་མཛེས་པའི་གཞུང་ཞབས་པའི་དཔྱད་འདེམས་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། བློ་མཐུན་ཉི་ཤུ་ཆེས་མཛེས་པའི་གཞུང་ཞབས་པ་རུ་བདམས། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནགས་ལས་རྩྭ་ས་ཅུའུ་ནགས་ལས་རྩྭ་ས་དོ་དམ་ཚན་ཁག་གི་ཚན་གཙོ། རིམ་པ་བཞི་པའི་རྟོག་ཞིབ་པ་ཧྲིན་ཁུའེ་ལ་ཆེས་མཛེས་པའི་གཞུང་ཞབས་པའི་མཚན་སྙན་ཐོབ།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྔོན་ཐོན་དཔེ་མཚོན་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། རྒྱ་ཆེའི་གཞུང་ཞབས་པས་ཁག་ཁུར་འབད་འཐབ་བྱེད་པར་སྐུལ་སློང་བྱེད་ཆེད། 2023ལོའི་ཟླ9པར། ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲིལ་སྒྲོག་པུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་ཆེས་མཛེས་པའི་གཞུང་ཞབས་པའི་དྲིལ་སྒྲོག་ཁྱབ་སྒྲོག་བྱ་འགུལ་སྤེལ། ངོ་སྤྲོད་དང་འདེམ་བསྐོ་བརྒྱུད་དེ། མཇུག་མཐར་བློ་མཐུན་ཉི་ཤུ་ཆེས་མཛེས་པའི་གཞུང་ཞབས་པ་རུ་བདམས།

རྒྱུན་ལོན་བྱུང་བ་ལྟར་ན། ཐེངས་འདིར་བདམས་ཐོན་བྱུང་བའི་ཆེས་མཛེས་པའི་གཞུང་ཞུགས་པ་ཉི་ཤུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱས་ལ། ཁག་ཁུར་བྱེད་ཕོད་པ་དང་འབད་འཐབ་བྱེད་ཤེས་པ། དོན་དངོས་སྒྲུབ་པ། ཕན་འབྲས་བརྩོན་ལེན་བྱས་ནས། ལས་འགན་གཙོ་བོ་དང་འཐབ་རྩོད་གཙོ་བོའི་ཁྲོད་དཀའ་སྡུག་དང་ཉེན་ཁ་ཐེག་ཐུབ་པར་བྱས་པ་དང་། གནད་འགག་དུས་སྐབས་དང་ཉེན་ཁར་ཐུག་དུས་ཞུམ་མེད་མདུན་སྐྱོད་བྱས་ཏེ། འབུར་ཐོན་གྱི་གྲུབ་འབྲས་བླངས་པ་དང་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པ་དང་། དུས་རབས་གསར་བའི་གཞུང་ཞབས་པའི་སྣང་བརྙན་གསར་བ་མངོན་པར་བྱས།

རིན་ཆེན་མཚོས་བསྒྱུར།