ཞིང་ཆེན་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཅུའུ་ཀྲང་གི་གྲོས་ཚོགས་བསྡུས།
2024.02.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ2པའི་ཚེས5ཉིན། ཞིང་ཆེན་ཡོངས་ཀྱི་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཅུའུ་ཀྲང་གི་གྲོས་ཚོགས་ཟི་ལིང་དུ་བསྡུས། གསར་འགོད་པས་ཚོགས་ཐོག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན་གྱིས་མུ་མཐུད་དམག་དཔུང་གི་ཕན་ནུས་ཇེ་དྲག་ཏུ་གཏོང་བ་དང་ཞབས་ཞུའི་འགན་སྲུང་ཆུ་ཚད་མཐོར་འདེགས་གཏོང་བ། བྱ་བའི་ཕན་འབྲས་ཆེ་རུ་བསྐྱེད་པ་གཙོ་ཐིག་ཏུ་བྱས་ནས་དམག་བཀུར་ཁྱིམ་སྐྱོང་དང་སྲིད་བཀུར་དམངས་གཅེས་ཀྱི་དཔེ་སྟོན་འཛུགས་སྐྲུན་བྱེད་པ་སྣེ་ཁྲིད་དུ་བྱས་ནས་ཚད་གཞི་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལོའི་བྱེད་སྒོ་ཏན་ཏིག་གིས་སྤེལ་ནས་དངོས་སྒྲུབ་ཁག་ཁུར་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

ལོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྟོབས་ལྡན་འགོ་ཁྲིད་དང་ཞིང་ཆེན་ཏང་ཨུའི་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་འགོ་ཁྲིད་ཚན་ཆུང་གི་གཅིག་གྱུར་སྐུལ་འདེད་འོག ལས་དོན་འཕེལ་རྒྱས་ཀྱི་རྨང་གཞིར་སྔར་ལས་ཤུགས་སྣོན་པ་དང་། བསམ་བློ་ཆབ་སྲིད་སྣེ་ཁྲིད་ཐད་ཕན་འབྲས་གསར་བ་ཐོན་པར་བྱས་ལ། ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་བྱས་རྗེས་གསར་བ་བཞག་ལ། དཔུང་སྡེའི་འཛུགས་སྐྲུན་ལ་རྒྱབ་སྐྱོབ་བྱས་ཏེ་ཁག་ཁུར་གསར་བ་མངོན་པར་བྱས་པ་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་ཐོལ་བརྒལ་གསར་བ་བྱུང་བ་དང་ཞབས་ཞུ་འགན་སྲུང་ཆུ་ཚད་ཐད་མཐོར་འདེགས་གསར་བ་བྱུང་།

ད་ལོར་ཞིང་ཆེན་ཡོངས་ཀྱི་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཆེན་ཀྱི་ཚོགས་ཆེན་གཉིས་དང་རྒྱལ་ཡོངས་ཀྱི་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན་ཀྲང་གི་ཅུའུ་ཀྲང་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་དོན་འཁྱོལ་བྱེད་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་མྱུར་དུ་འདྲེས་པར་བྱེད་པ། བརྟན་ཐོག་ཡར་འཕེལ་དང་བརྟན་འཇགས་ཀྱིས་འཕེལ་རྒྱས་ལ་སྐུལ་བ་རྒྱུན་འཁྱོངས་བྱས་ནས་དམག་དཔུང་བཙུགས་ནས་ལོ་བརྒྱ་ལོན་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་ཤུགས་སྣོན་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བླང་བྱར་རྐང་བཙུགས་ནས་ཞིང་ཆེན་ཡོངས་ཀྱི་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས་གཞི་གཅིག་ཅན་གྱི་རྒྱལ་ཁབ་འཐབ་ཇུས་མ་ལག་དང་ནུས་པ་སྲ་བརྟན་དུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབད་པས་འབྲི་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

མི་ཕམ་མགོན་པོས་བསྒྱུར།