རང་ཞིང་གིས་སློབ་གསོའི་ལས་དོན་ཐད་ཐོད་བརྒལ་གསར་བ་འབྱུང་བར་སྐུལ་འདེད་གཏོང་རྒྱུ་རེད།
2024.02.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ2པའི་ཚེས5ཉིན།   གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་སློབ་གསོ་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན།  ད་ལོར།   རང་ཞིང་གིས་དམངས་ཀྱི་དོ་ཁུར་གཅིག་བསྡུས་དང་འཕེལ་རྒྱས་ལ་རྐང་བཙུགས་ཏེ་སློབ་གསོ་བཟང་བོར་སྤེལ་ནས་སློབ་གསོའི་ལས་དོན་སོ་སོར་ཐོད་བརྒལ་གསར་བ་འབྱུང་བར་སྐུལ་འདེད་གཏོང་རྒྱུ་རེད།

ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པའི་ཁྲོད་དུ།    ཀུན་སྤྱོད་དང་ཤེས་རིག    ལུས་རྩལ།   མཛེས་རྩལ།   ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གསོ་སྐྱོང་བྱེད་པའི་མི་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་བསླབ་དེབ་སྒྲིག་བཟོ་དང་དོ་དམ་ལ་ཤུགས་བསྣན་ཏེ་སློབ་གྲྭས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སློབ་གསོར་ཤུགས་སྣོན་རྒྱུ་རེད།

སྔར་ལས་འདྲ་མཉམ་དང་སྔར་ལས་སྤུས་ཚད་མཐོ་བའི་རྨང་གཞིའི་སློབ་གསོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་འོས་འགན་སློབ་གསོའི་སྤུས་ལེགས་འདྲ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་སློབ་སྔོན་སློབ་གསོ་དང་དམིགས་བསལ་སློབ་གསོའི་བདེ་ཐང་དང་རྒྱུན་མཐུད་འཕེལ་རྒྱས་དང་མཐོ་འབྲིང་དུས་རིམ་གྱི་སློབ་གྲྭའི་སྣ་མང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།         མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་སྐྲུན་ལ་ཡར་སྐུལ་དང་ཞབས་ཞུའི་མ་ལག་འཛུགས་སྐྲུན་གྱི་ཆེད་དོན་འགུལ་སྐྱོད་ལག་བསྟར་བྱས་ཏེ་མཐོ་རིམ་མཐར་ཕྱིན་སློབ་མས་སྤུས་ཚད་མཐོ་བའི་སྒོ་ནས་ལས་ཞུགས་བྱེད་པར་ཡར་སྐུལ་སོགས་བྱེད་རྒྱུ་རེད།

ལྷ་མོ་ཚེ་རིང་གིས་བསྒྱུར།