2024ལོའི་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་སྐབས་སུ། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་རྩ་འཛུགས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་དུས་ཆེན་གཉིས་སྐབས་སུ་དྲོད་ཁོལ་སྐྱེལ་བའི་བྱ་འགུལ་སྤེལ་ནས། རང་འགུལ་གྱིས་ལས་བཟོ་པ་དང་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ལ་རྒྱུས་ལོན་བྱས་ཏེ་ཐག་བཅད་པ་དང་། ཏང་དང་སྲིད་གཞུང་གི་སེམས་ཁུར་དང་། བཟོ་ཚོགས་རྩ་འཛུགས་ཀྱི་དྲོད་ཁྲོལ་དུས་ཐོག་ཏུ་རྒྱ་ཆེའི་ལས་བཟོ་པ་དང་མང་ཚོགས་ཀྱི་སེམས་ཁོང་དུ་སྐྱེལ།
ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་བྱ་བའི་ཚན་ཆུང་དྲུག་བཙུགས་ནས་གྲོང་ཁྱེར་དང་ཁུལ་སོ་སོ། ཐོན་ལས་དང་ཁེ་ལས། ལས་དོན་སྡེ་ཁག་སོ་སོར་མངགས་པ་དང་། གཙོ་བོར་ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་དཀའ་ཁག་ལ་ཐུག་པའི་དམངས་གཉེར་ཁེ་ལས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་ཁྲོད་ཀྱི་དཀའ་ཐུག་ཁེ་ལས་དང་ཐོན་ནུས་ལྷག་རོ་མེད་པར་བྱེད་པའི་ལས་འགན་ལྕི་བའི་ཁེ་ལས་བཅས་ལ་སོང་ནས། ལས་ཀ་ཤོར་བ་དང་ནད་ལྕི་མོ་བྱུང་བ། བཟོ་རྨས་བྱུང་བ། རིགས་མི་འདྲ་བའི་གནོད་འཚེ་ཐེབས་པ་དང་ཡང་ན་གློ་བུར་དོན་རྐྱེན་བྱུང་ནས་དཀའ་ཁག་ལ་ཐུག་པའི་ལས་བཟོ་བའི་ཁྱིམ་ཚང་དང་། ལྷག་པར་དུ་ས་ཡོམ་བྱུང་ནས་འཚོ་བ་དཀའ་ཁག་ལ་ཐུག་པའི་ལས་བཟོ་བའི་ཁྱིམ་ཚང་ལ་འཚམས་འདྲི་བྱས་ཏེ། གནད་དོན་ཐག་གཅོད་པར་རོགས་བྱས་པ་དང་། ཁྱིམ་ཚང་གི་གཞི་རྩའི་འཚོ་བར་འགན་སྲུང་བྱས། མིག་སྔའི་བར་དུ། ཁེ་ལས་བཞི་བརྒྱ་ཙམ་ལ་འཚམས་འདྲི་བྱས་པ་དང་། ལས་བཟོ་ཁྲི་གསུམ་དང་སྟོང་བདུན་ལ་འཚམས་འདྲི་བྱས་ལ། འཚམས་འདྲི་དངོས་པོ་དང་སྒོར་མོ་བྱེ་བ་གཉིས་དང་ས་ཡ་གཅིག་ལྷག་བྱིན།
དུས་ཆེན་གཉིས་ཀྱི་དྲོད་ཁོལ་སྐྱེལ་བའི་བྱ་འགུལ་སྐབས་སུ། རིམ་པ་སོ་སོའི་བཟོ་ཚོགས་གཞི་རིམ་དང་ལས་བཟོ་བ་དང་མང་ཚོགས་ཁྲོད་སོང་ནས། བཟོ་ཚོགས་ཀྱི་བྱེད་ཐབས་ཉམས་མྱོང་བཟང་བོ་དྲིལ་སྒྲོག་བྱས་པ་དང་། ལས་བཟོ་བ་དང་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ལ། རྒྱ་ཆེའི་ལས་བཟོ་བས་ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས། བཟོ་སྐྲུན་པའི་སྙིང་སྟོབས་དར་སྤེལ་གཏོང་བར་མཐུན་སྒྲིལ་སྣེ་ཁྲིད་བྱས་པ་དང་། ངལ་རྩོལ་དང་དངོས་གཉེར་སྒོས་བྱ་བ་སྒྲུབ་པར་བརྟེན་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་ཆེན་པོ་བཞག ལས་ཞུགས་རྣམ་པ་གསར་བའི་ངལ་རྩོལ་པ་དང་ཞིང་བ་ཞོར་ལས་པ་སོགས་མི་ཚོགས་ལ་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་པའི་ཞབས་ཞུ་བའི་བྱ་བར་དམིགས་ནས། བཟོ་ཚོགས་ཀྱི་རོགས་སྐྱོར་ཞབས་ཞུ་ལྟེ་གནས་དང་བཟོ་ཚོགས་ས་ཚུགས་ཀྱི་རྩོལ་ནུས་སྔར་ལས་རྒྱ་སྐྱེད་དེ། གཟིགས་སྐྱོང་ཞབས་ཞུ་ལས་གཞི་གསར་གཏོད་སྒོས་སྤེལ། སྲིད་གཞུང་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་ཟླ་ཕོག་ཆད་འཇོག་རྩ་བཅོས་བྱེད་པའི་དགུན་དུས་ཀྱི་ཆེད་དོན་འགུལ་སྐྱོད་སྤེལ་བ་དང་། དུས་ཐོག་ཏུ་ཟླ་ཕོག་ཆད་འཇོག་གི་ཉེན་ཁ་ཐག་བཅད། གཅིག་གཉིས་གསུམ་ལྔ་གཅིག་གི་བཟོ་ཚོགས་ཞབས་ཞུའི་ལས་བཟོ་བའི་ཁ་པར་བཙུགས་ནས། དུས་ཐོག་ཏུ་ལས་བཟོ་ཞུ་གཏུག་ལ་ཨ་ལན་བྱིན་པ་དང་། བཅའ་ཁྲིམས་བློ་འདྲི་དང་བཅའ་ཁྲིམས་རོགས་སྐྱོར་འདོན་སྤྲོད་བྱས། ཞིང་བ་ཞོར་ལས་པ་ལོ་སར་སྐབས་སུ་ཕྱིར་ཕ་ཡུལ་དུ་ལོག་སྐབས་འཕྲད་པའི་དཀའ་ཁག་ཐག་གཅོད་པར་རོགས་བྱས་པ་དང་། ཞབས་ཞུ་བཟང་བོས་བློ་སེམས་རྩེ་གཅིག་གིས་བཟོ་བའི་གྲལ་རིམ་ལ་རྒྱབ་རྟེན་པའི་བྱེད་ཕྱོགས་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། རྒྱ་ཆེའི་ལས་བཟོ་བ་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་བྱས།
རིན་ཆེན་མཚོས་བསྒྱུར།