རྩེ་ཁོག་རྫོང་སྐོར་བཅུ་གཅིག་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དུ་བདམས།
2024.02.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ།   རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྐོར་བཅུ་གཅིག་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་དཔེ་སྟོན་སྡེ་ཁག་གི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་།    རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དུ་བདམས།

ཉེ་བའི་ལོ་འགའི་རིང་ལ།   རྩེ་ཁོག་རྫོང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པའི་བྱ་བ་དེ་གསར་བ་བཞིའི་རྩེ་ཁོག་འཛུགས་སྐྲུན་བྱེད་པའི་འདེགས་སྐྱོར་གལ་ཆེན་དུ་བྱས་ཏེ་ཚད་གཞི་མཐོ་བའི་འཆར་འགོད་དང་ཚད་གཞི་མཐོ་བའི་སྒོ་ནས་འགོ་རྩོམ་པ།   སྤུས་ཚད་མཐོན་པོས་སྐུལ་འདེད་གཏོང་བ་བཅས་བྱས་ནས་རིམ་པ་སོ་སོ་མཉམ་སྒུལ་དང་དམངས་ཡོངས་ཟབ་ཞུགས་ཀྱི་སྣང་ཚུལ་བཟང་བོ་གྲུབ་པར་བྱས་པ་དང་།     ཏང་ཨུའི་གཅིག་གྱུར་འགོ་ཁྲིད་དང་གསར་འཛུགས་སྡེ་ཁག་རྩ་འཛུགས་མཐུན་སྦྱོར།   སྡེ་ཁག་སོ་སོས་མཉམ་དུ་ཤུགས་འདོན་པ།   སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་འགུལ་སྐྱོད་སྤེལ་བ་བཅས་ཀྱི་བྱ་བའི་རྣམ་པ་གྲུབ་པར་སྐུལ་འདེད་བཏང་།    རྩེ་ཁོག་རྫོང་གི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པའི་སྐོར་གྱི་ཐག་གཅོད་སོགས་ཇུས་གཞི་གཏན་འབེབས་བྱས་ཏེ་རྩེ་ཁོག་རྫོང་གི་གོང་འོག་ཡོངས་ཀྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་བྱ་བར་སྐུལ་འདེད་ཤུགས་ཆེན་གཏོང་བར་སྐུལ་སློང་བྱས།

རྩེ་ཁོག་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་ཐོན་སྡེ་ཁག་དང་སྔོན་ཐོན་མི་སྒེར་གྱི་དཔྱད་འདེམས་གཟེངས་བསྟོད་ལམ་ལུགས་བཙུགས་ཏེ་དཔེ་སྟོན་གྱི་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་པ་དང་།   བསྡོམས་པས་སྔོན་ཐོན་ཐུན་མོང་སུམ་ཅུ་དང་སྔོན་ཐོན་མི་སྒེར་བཞི་བཅུར་གཟེངས་བསྟོད་བྱས་ལ།   འོས་སྦྱོར་ཡར་ཞུ་བྱས་པར་མ་ཟད་ཁུལ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ་པའི་ཐུན་མོང་སོ་ལྔ་དང་མི་སྒེར་ཞེ་གཅིག་ཡོད།  སྔ་གཞུག་ཏུ་མི་རིགས་མཐུན་སྒྲིལ་རྟགས་མའི་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་སོགས་བྱ་འགུལ་སྤེལ་ཏེ་མི་རིགས་སོ་སོའི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱས།

ལྷ་མོ་ཚེ་རིང་གིས་བསྒྱུར།