དངོས་ཟིན་གློག་བརྙན་ཨ་ཆེན་གངས་རྒྱབ་ཚེས་བཅུ་གཉིས་ཉིན་གྱི་དགོང་མོ་ནས་བཟུང་ཀྲུང་དབྱང་བརྙན་འཕྲིན་ཁང་དུ་གཏང་རྒྱུ་རེད།
2024.02.10 ཁུངས། ཀློག་གྲངས། 0

《མིའི་རིགས་ཀྱི་དྲན་ཤེས་ཏེ་ཀྲུང་གོས་འཛམ་གླིང་ལ་བཞག་པའི་ཤུལ་ནོར》ཞེས་པའི་མུ་འབྲེལ་དངོས་ཟིན་གློག་བརྙན་ལསཨ་ཆེན་གངས་རྒྱབཅེས་པའི་གློག་བརྙན་དེ་ཟླ2པའི་ཚེས12ཉིན་དང13ཉིན་གཉིས་ཀྱི་དགོང་མོའི་ཆུ་ཚོད་བཅུ་གཅིག་སྟེང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་འཁོར་སྐར་འཕྲིན་ལམ་བཞི་པ་ནས་གཏང་རྒྱུ་ཡིན་པ་དང་། ཚེས13དང་14ཉིན་གཉིས་ཀྱི་ཉིན་གུང་གི་ཆུ་ཚོད་གཅིག་གི་སྟེང་བསྐྱར་གཏོང་བྱ་རྒྱུ་རེད། མུ་འབྲེལ་དངོས་ཟིན་གློག་བརྙནམིའི་རིགས་ཀྱི་དྲན་ཤེས་ཏེ་ཀྲུང་གོས་འཛམ་གླིང་ལ་བཞག་པའི་ཤུལ་ནོརཞེས་པ་ནི་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་རྒྱལ་ཁབ་ཀྱི་རིག་གནས་དྲན་ཤེས་དང་རྒྱུན་འཛིན་ཞེས་པའི་མུ་འབྲེལ་སྒྲོག་སྤེལ་ལས་གཞི་ཡིན་ལ། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་སློབ་གསོ་པུའུ། རྒྱལ་ཁབ་ནགས་ལས་དང་རྩྭ་ས་ཅུའུ། རྒྱལ་ཁབ་རིག་དངོས་སྲུང་སྐྱོབ་ཅུའུ། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་སྒོས་མཛུབ་སྟོན་བྱས་པ་རེད། དེའི་དམིགས་ཡུལ་ནི་རྟེན་མཛོད་ཁང་དུ་ཉར་བའི་རིག་དངོས་དང་། ཡངས་པའི་ས་གཞིའི་སྟེང་བསྟར་བའི་ཤུལ་བཞག གནའ་བོའི་དེབ་ཐེར་དུ་འཁོད་པའི་ཡི་གེ་བཅས་ལ་གསོན་ཤུགས་རྒྱས་པར་བྱས་ཏེ། ཀྲུང་ཧྭའི་ཤེས་རིག་གིས་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་གསར་གཏོད་བྱས་པའི་སྣ་མང་ཕུན་སུམ་ཚོགས་པའི་ཤེས་རིག་དང་མཉམ་དུམིའི་རིགས་ལ་བསམ་བློའི་སྣེ་ཁྲིད་ཡང་དག་དང་སྒུལ་ཤུགས་སྟོབས་ལྡན་འདོན་སྤྲོད་བྱ་རུ་འཇུག་རྒྱུ་དེ་རེད། དེའི་ཁྲོད་ཀྱི་དངོས་ཟིན་གློག་བརྙནཨ་ཆེན་གངས་རྒྱབནི་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་དུ་བསྐྲུན་པ་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཆེད་སྒྲིག་སྡེ་ཁག་གིས་ཕབ་སྐྲུན་བྱས་པ་རེད། དེར་ཁྱོན་བསྡོམས་ལེའུ་གཉིས་ཡོད་ལ། ལེའུ་རེར་སྐར་མ་སུམ་ཅུ་རེ་ཡོད། 

ཐེངས་འདིའི་དངོས་ཟིན་གློག་བརྙནཨ་ཆེན་གངས་རྒྱབ》ལ་མཚོན་ན། རྒྱལ་ཁབ་ཀྱི་ངོས་ཐད་དང་། འཛམ་གླིང་ཧྲིལ་བོའི་ངོས་ཐད། ས་གནས་རང་གི་ཁྱད་གཤིས། རྒྱལ་སྤྱིའི་དང་རྒྱལ་ནང་གི་ཁྱབ་སྒྲོག་བཅས་ཀུན་ལ་བསྟུན་ནས། ཀྲུང་གོའི་རྒྱ་ཁྱོན་ཆེས་ཆེ་ཞིང་མདོ་དབུས་མཐོ་སྒང་སྟེང་གི་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཐོག་མ་སྟེ་ཨ་ཆེན་གངས་རྒྱབ་ཀྱི་རང་བྱུང་ས་ཁམས་དང་ལོ་རྒྱུས་ཀྱི་འཕེལ་འགྱུར། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་བཅས་ཞིབ་ཕྲའི་ནང་དོན་བརྙན་རིས་སུ་ཕབ་སྟེ། ཨ་ཆེན་གངས་རྒྱབ་ནི་འཛམ་གླིང་གི་རང་བྱུང་ཤུལ་བཞག་ཡིན་པའི་ཆ་ནས། མཚོ་སྔོན་དང་ཀྲུང་གོ། ཐ་ན་འཛམ་གླིང་ཧྲིལ་བོར་གལ་ཆེ་བའི་རིན་ཐང་དང་གཏིབ་ཟབ་པའི་དོན་སྙིང་ལྡན་ཚུལ་གཟུགས་སུ་ཕབ་ནས་བཀྲམ་སྟོན་བྱས་ཡོད།