རྒྱལ་ཁབ་བསྡོམས་རྩིས་ཅུའུ་མཚོ་སྔོན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གིས་སྤུས་ཚད་མཐོ་བའི་བསྡོམས་རྩིས་བརྟག་དཔྱད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཞབས་འདེགས་ཞུས།
2024.02.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ་གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་བསྡོམས་རྩིས་བརྟག་དཔྱད་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། 2023ལོར། རྒྱལ་ཁབ་བསྡོམས་རྩིས་ཅུའུ་མཚོ་སྔོན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གིས་མ་ལག་གོང་འོག་ཡོངས་ལ་མཐུན་སྒྲིལ་བྱས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་བརྗོད་དོན་སློབ་གསོ་སྤེལ་བ་དང་། བསྡོམས་རྩིས་ཐད་ཀྱི་རྫུན་བཟོ་འགོག་བཅོས་བྱེད་པའི་ཆེད་དོན་བཅོས་སྐྱོང་འགུལ་སྐྱོད་སྤེལ་བར་སྐུལ་འདེད་བཏང་ལ། བསྡོམས་རྩིས་ལྟ་སྐུལ་གྱི་འགན་ནུས་འདོན་སྤེལ་བྱས་པ་དང་། བསྡོམས་རྩིས་དེང་རབས་ཅན་གྱི་བཅོས་སྒྱུར་ལག་ལེན་གཏིང་ཟབ་ཏུ་སྤེལ་བར་ཤུགས་བཏོན་པས། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་སོང་བ་དང་། གཞི་གྲངས་ཀྱི་སྤུས་ཚད་ཇེ་མཐོང་སོང་ལ། བསྡོམས་རྩིས་ཞབས་ཞུ་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པ་དང་། གསར་གཏོད་འཕེལ་རྒྱས་ཐད་ནས་འགག་སྒྲོལ་གསར་བ་མངོན་འགྱུར་བྱུང་ལ། མཚོ་སྔོན་གྱི་བསྡོམས་རྩིས་དེང་རབས་ཅན་གྱི་བཅོས་སྒྱུར་ཐད་ནས་གོམ་སྟབས་བརྟན་པོ་སྤོས།

2023ལོར། མཁར་གྲོང་སྡོད་དམངས་ཀྱི་འགྲོ་གྲོན་དང་ཞིང་པ་ཞོར་ལས་པའི་ལྟ་ཞིབ། དབུལ་ཐར་རྫོང་གི་ཞིང་སྡེ་སྡོད་ཁང་ལྟ་ཞིབ་སོགས་ཀྱི་བརྟག་དཔྱད་ཤུགས་དང་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། བརྟག་དཔྱད་བྱེད་ཡུལ་གྱི་གཞོགས་འདེགས་བྱེད་ཚད་མངོན་གསལ་སྒོས་ཇེ་དྲག་ཏུ་སོང་ནས། རྩིས་ཐོ་འགོད་པའི་སྤུས་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བྱུང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཟླ་ཧྲིལ་བོའི་ངལ་རྩོལ་ནུས་པའི་བརྟག་དཔྱད་ཤུགས་ཆེན་པོས་སྤེལ་བ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་མཉམ་འབྲེལ་བྱས་ནས་ལས་ཞུགས་བསྡོམས་རྩིས་སྲིད་ཇུས་གཞིས་ཁུལ་དུ་བསྐྱོད་པའི་བྱ་འགུལ་གྱི་གྲུབ་འབྲས་ཧ་ཅང་མངོན་གསལ་ཡིན་ལ། ངལ་རྩོལ་ནུས་ཤུགས་ཀྱི་བརྟག་དཔྱད་བྱ་བ་སྤུས་འདེགས་ནུས་སྤེལ་བྱེད་པར་རོགས་ཤུགས་བཏོན། སྒོ་ཕྱུགས་དང་ཁྱིམ་བྱ་གཙོ་བོའི་ལྟ་ཞིབ་དང་འབྲུ་རིགས་ཐོན་ཚད། ཞིང་ལས་ཐོན་རྫས་ཀྱི་རིན་གོང་སོགས་བརྟག་དཔྱད་བརྟན་བརླིང་ངང་སྤེལ་བ་དང་། ཉོ་སྒྲུབ་སྤྱི་གཉེར་པའི་བརྟག་དཔྱད་དང་ཞབས་ཞུ་སིལ་འཚོང་གྲུབ་ཚུལ་གྱི་བརྟག་དཔྱད། གསར་དུ་བཙུགས་པའི་ཁེ་ལས་ཆུང་ཕྲན་སོགས་ཀྱི་བརྟག་དཔྱད་ནུས་པ་ལྡན་པའི་སྒོ་ནས་ཡོངས་འགྲུབ་བྱས། ཞིང་ཕྱུགས་སྡེ་ཁག་བར་གྱི་མཉམ་ལས་ཇེ་ཟབ་ཏུ་བཏང་བ་དང་། སྤུས་ཚད་མཐོ་བ་དང་ཕན་ནུས་ལྡན་པའི་སྒོ་ནས་སྒོ་ཕྱུགས་དང་ཁྱིམ་བྱའི་ལྟ་ཞིབ་བརྟག་དཔྱད་མ་དཔེའི་རེས་མོས་ལས་འགན་ཡོངས་འགྲུབ་བྱས། འབྲེལ་ཡོད་སྡེ་ཁག་དང་བརྗེ་རེས་མཐུན་སྦྱོར་བྱས་པ་དང་། ཐེངས་མང་བོར་མཉམ་འབྲེལ་བྱས་ནས་ཡུལ་དངོས་རྟོག་ཞིབ་བྱས་ནས། དངོས་གཉེར་མཉམ་ལས་ཐད་ནས་གྲུབ་འབྲས་གསར་བ་བླངས། རང་འགུལ་གྱིས་མཉམ་དུ་ཕྱུག་པོར་བསྒྱུར་བ་དང་གྲོང་གསེབ་དར་སྤེལ། མི་ཚོགས་གཙོ་བོའི་ལས་ཞུགས་སོགས་ཀྱི་དམངས་ཚིས་ཁྱབ་ཁོངས་གཙོར་བཟུང་ནས། བསྡོམས་རྩིས་ལྟ་ཞིབ་གདེང་འཇོག་ལ་ཤུགས་བསྣན་པ་དང་། དམངས་ཚིས་སྲིད་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། ལོ་ཧྲིལ་བོར་འབྲེལ་ཡོད་ཆེད་དོན་རྟོག་ཞིབ་ཀྱི་སྙན་ཞུ་དྲུག་ཅུ་ལྷག་ཡོངས་འགྲུབ་བྱས་པ་དང་། བསྡོམས་རྩིས་ལྟ་ཞིབ་འགན་ནུས་ཕན་པ་ལྡན་པའི་སྒོ་ནས་འདོན་སྤེལ་བྱས་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཞབས་འདེགས་ཞུ་བའི་ཕན་ནུས་མངོན་པར་བྱས།

རང་བདག་ཞིབ་སྤེལ་བྱས་པའི་ཕྱུགས་ལས་བརྟག་དཔྱད་ཀྱི་འཚོལ་བསྡུ་བརྒྱུད་རིམ་རྒྱ་སྐྱེད་ནུས་སྤེལ་བྱེད་པར་སྐུལ་འདེད་བཏང་བ་དང་། འགོ་ཁུངས་གཞི་གྲངས་འཚོལ་བསྡུ་ཐད་ནས་སྔར་ལས་ཕན་ལྡན་སྟབས་བདེ་ཡིན་ལ། དྲ་རྒྱའི་འཚོལ་བསྡུ་དང་གློག་རྡུལ་འདྲ་ཞུབ། སྲིད་འཛིན་ཟིན་ཐོ་བཅས་བཀོལ་སྤྱོད་བཟང་བོ་བྱས་པ་དང་། གཞི་གྲངས་ཆེན་པོས་རིན་གོང་བརྟག་དཔྱད་ཀྱི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་བཏང་།

རིན་ཆེན་མཚོས་བསྒྱུར།