མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ལས་བཟོ་པའི་ཁེ་དབང་གི་འགན་སྲུང་དྲ་རྒྱ་བརྟན་པོར་བཙུགས།
2024.02.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ2པའི་ཚེས11ཉིན།   གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན།  ཉེ་ལམ།   ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཁེ་དབང་འགན་སྲུང་པུའུ་ཡིས་བཀའ་དྲིན་ཞུ་བའི་འཕྲིན་ཡིག་བསྐུར་ཡོང་སྟེ།  མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཁེ་དབང་འགན་སྲུང་བྱ་བ་དང་ལྷག་པར་དུ་ཞིང་པ་ཞོར་ལས་པར་སྲུང་སྐྱོབ་དང་ལས་ཞུགས་མཐུན་སྦྱོར།   དཀའ་ཁག་ལ་རོགས་སྐྱོར་སོགས་བྱ་བར་ཁས་ལེན་གང་ལེགས་བྱས།

མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཁེ་དབང་འགན་སྲུང་བྱ་བས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ལ།    ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཐེངས་ལྔ་པའི་དགོངས་དོན་དང་ཀྲུང་གོ་བཟོ་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ་ལས་བཟོ་པའི་ཁེ་དབང་སྲུང་སྐྱོབ་ཀྱི་བྱ་བ་སོ་སོ་ཏན་ཏིག་གིས་སྤེལ།    ཟབ་ཞུགས་ཚད་ཆེ་རུ་བཏང་བ་དང་བཟོ་ཚོགས་ཀྱི་ངལ་རྩོལ་འབྲེལ་བ་མཐུན་སྦྱོར་བྱེད་པའི་ཕྱོགས་གསུམ་ནང་རྐྱེན་ཁྲོད་ཀྱི་བྱེད་ནུས་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ་ཞིང་བ་ཞོར་ལས་པའི་ངལ་རྩོལ་གླ་ཆའི་ཁེ་དབང་ལ་སྲུང་སྐྱོབ་ནུས་ལྡན་བྱས། ་ལས་ཞུགས་སྐྲུན་མ་ལག་གི་ཞབས་ཞུ་བྱ་འགུལ་བཟང་བོར་སྤེལ་ནས་ལས་ཞུགས་གཏན་འཇགས་སུ་གཏོང་བ་དང་ལས་ཞུགས་ལ་འགན་སྲུང་བྱེད་པ།  རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་པ།   ལས་ཐོན་སླར་གསོར་ཞབས་འདེགས་ཞུ་བ་སོགས་ཕྱོགས་ནས་བཟོ་ཚོགས་ཀྱི་རྩ་འཛུགས་བྱེད་ནུས་འདོན་སྤེལ་གང་ལེགས་བྱས།  དེར་མ་ཟད།    རོགས་སྐྱོར་ལས་གཞི་རྒྱ་བསྐྱེད་དང་རིགས་བགར་ཏེ་གནད་ཕིགས་ཇུས་བསྟར་བྱས་ནས་ལས་བཟོ་བའི་རོགས་སྐྱོར་ཆུ་ཚད་མཐོར་འདེགས་བཏང་བ་དང་།   དཀའ་ཁག་ཡོད་པའི་ལས་བཟོ་བའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་ཕྱིར་དཀའ་ཁག་འབྱུང་བར་སྔོན་འགོག་བྱེད་པའི་བྱ་བ་གཏིང་ཟབ་ཏུ་སྤེལ་ཏེ་དཀའ་ཁག་ཡོད་པའི་ལས་བཟོ་བའི་དཀའ་ཁག་སེལ་བ་དང་དབུལ་ཐར་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་བསྐྱེད་དུ་བཏང་།

2024ལོར།   གནས་བབ་གསར་བ་དང་ལས་འགན་གསར་བར་དམིགས་ཏེ།  མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཁེ་དབང་འགན་སྲུང་བྱ་བས་གཙོ་འགན་གཙོ་ལས་མུ་མཐུད་དུ་གཅིག་བསྡུས་དང་དག་སྲུང་གསར་གཏོད་རྒྱུན་འཁྱོངས།    བཟོ་ལས་བ་དང་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་བཅད་དེ་བཟོ་ཚོགས་ཀྱི་ཁེ་དབང་སྲུང་སྐྱོབ་ཞབས་ཞུ་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

ལྷ་མོ་ཚེ་རིང་གིས་བསྒྱུར།