མཚོ་སྔོན་གྱིས་ཉིས་སྟོང་ཉེར་བཞི་ལོའི་ཀྲུང་དབྱང་སྐྱེ་ཁམས་གཙོ་བོའི་སྲུང་སྐྱོབ་སླར་གསོའི་བཅོས་སྐྱོང་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་དྲུག་བཏང་།
2024.02.15 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཉེ་སྔོན་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་ཉིས་སྟོང་ཉེར་བཞི་ལོའི་ཀྲུང་དབྱང་སྐྱེ་ཁམས་གཙོ་བོའི་སྲུང་སྐྱོབ་སླར་གསོའི་བཅོས་སྐྱོང་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་དྲུག་བཏང་ནས། མཚོ་བོད་མཐོ་སྒང་སྐྱེ་ཁམས་འགོག་རའི་ཤར་ངོས་ཀྱི་ཙོང་ཆུའི་བཞུར་བརྒྱུད་ཀྱི་རི་ཆུ་ནགས་གསུམ་དང་ཞིང་མཚོ་རྩྭ་གསུམ། བྱེ་མ་བཅས་ཀྱི་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་སླར་གསོའི་བཟོ་སྐྲུན་འཛུགས་སྐྲུན་བྱེད་རྒྱུ་རེད། ཐེངས་འདིར་རྒྱབ་སྐྱོར་བྱེད་པའི་ཡན་ལག་རྣམ་གྲངས་ཉེར་བཞིའི་ཁྲོད། ཟི་ལིང་གྲོང་ཁྱེར་ལ་སྒོར་དུང་ཕྱུར་གཉིས་བྱེ་བ་གསུམ་ས་ཡ་དྲུག་བཏང་ནས་རྣམ་གྲངས་བཅུ་དྲུག་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། མཚོ་ཤར་གྲོང་ཁྱེར་ལ་སྒོར་བྱེ་བ་བརྒྱད་དང་ས་ཡ་བརྒྱད་བཏང་ནས་རྣམ་གྲངས་བདུན་ལག་བསྟར་བྱེད་རྒྱུ་ཡིན་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལ་སྒོར་བྱེ་བ་གསུམ་དང་ས་ཡ་དྲུག་བཏང་ནས་རྣམ་གྲངས་གཅིག་ལག་བསྟར་བྱེད་རྒྱུ་རེད།

ཞིང་ཆེན་ནོར་སྲིད་ཐིན་གྱིས་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་མ་དངུལ་གྱི་ལྟ་རྟོག་དོ་དམ་ལ་ཤུགས་སྣོན་བྱེད་པ་དང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་རྣམ་གྲངས་ཀྱི་ལོ་ཧྲིལ་བོའི་ལག་བསྟར་འཆར་འགོད་གཞིར་བཟུང་ནས་མ་དངུལ་གྱི་བཀོལ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། རྣམ་གྲངས་ཀྱི་ལག་བསྟར་དང་མ་དངུལ་བཀོལ་སྤྱོད་མྱུར་ཚད་ཇེ་མགྱོགས་སུ་བཏང་སྟེ། ལོ་ཧྲིལ་བོའི་བཟོ་སྐྲུན་འཛུགས་སྐྲུན་གྱི་དམིགས་འབེན་ལས་འགན་སྣ་ཚོགས་དུས་ལྟར་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་རྒྱུ་རེད། དེའི་ཞོར་དུ་འབྲེལ་ཡོད་ལས་རིགས་གཙོ་གཉེར་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་སྔ་སྣུར་གྱིས་བཟོ་སྐྲུན་འཛུགས་སྐྲུན་གྱི་དུས་སྐབས་སྔོན་མའི་འཆར་འགོད་བྱ་བ་སྤེལ་བར་མཛུབ་སྟོན་བྱས་ཏེ། རྣམ་གྲངས་འཛུགས་སྐྲུན་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱེད་པར་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།