ད་ལོར་རང་རྒྱལ་དུ་ལྗང་མདོག་ཆུ་གློག་ཆུང་བའི་དཔེ་སྟོན་གློག་འདོན་ས་ཚིགས་བརྒྱད་ཅུའི་ཡན་གསར་སྣོན་བྱེད་རྒྱུ་རེད།
2024.02.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཉེ་ལམ། ཆུ་བེད་པུའུ་ཡིས2024ལོའི་ཞིང་སྡེའི་ཆུ་བེད་ཆུ་གློག་བྱ་བའི་གཙོ་གནད་ཁྱབ་བསྒྲགས་བྱས་པ་སྟེ། ཆུ་གློག་ཆུང་བ་ལྗང་མདོག་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ནས། ལོ་ཧྲིལ་བོའི་ནང་ལྗང་མདོག་ཆུ་གློག་ཆུང་བའི་དཔེ་སྟོན་གློག་འདོན་ས་ཚིགས་བརྒྱད་ཅུའི་ཡན་གསར་སྣོན་བྱེད་རྒྱུ་རེད།

ཆུ་བེད་པུའུ་ཞིང་སྡེ་ཆུ་བེད་ཆུ་གློག་ཟི་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་བལྟས་ན། ལྗང་མདོག་ཆུ་གློག་ཆུང་བའི་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་བྱེད་པ་དང་། དཔེ་སྟོན་འཛུགས་སྐྲུན་གྱི་གསོ་སྦྱོང་ལ་ཤུགས་སྣོན་པ། འཛུགས་སྐྲུན་གྱི་ཞིབ་བཤེར་གཏན་འབེབས་ཐད་ཀྱི་འགག་སྒོ་བརྟན་སྲུང་བྱས་ཏེ། དཔེ་སྟོན་གློག་འདོན་ས་ཚིགས་ཀྱི་ཉིན་རྒྱུན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱུ་ཡིན་པ་དང་། 2024ལོར། ལྗང་མདོག་ཆུ་གློག་ཆུང་བའི་དཔེ་སྟོན་གློག་འདོན་ས་ཚིགས་བརྒྱད་ཅུའི་ཡན་གསར་སྣོན་བྱེད་པ་དང་། མཐུན་སྦྱོར་བྱས་ནས་སྐུལ་སློང་སྲིད་ཇུས་ཕྱིར་འདོན་རྒྱུ་ཡིན།

ལྗང་མདོག་ཆུ་གློག་ཆུང་བའི་དཔེ་སྟོན་གློག་འདོན་ས་ཚིགས་ཀྱིས་ཆུ་བོའི་སྐྱེ་ཁམས་སྲུང་སྐྱོང་དང་ཞིག་གསོ་བྱེད་པ་དང་། ཆུ་དང་མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱེད་པ། བདེ་འཇགས་ཐོན་སྐྱེད་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པ། དམངས་ཚིས་བདེ་སྐྱིད་ཇེ་མཐོར་གཏོང་བ་སོགས་ཕྱོགས་ནས་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་ཀྱིན་ཡོད་པ་དང་། དཔེ་སྟོན་འཛུགས་སྐྲུན་བྱེད་རྒྱུ་ནི་ཆུ་གློག་ཆུང་བ་ལྗང་མདོག་ཚུལ་སྒྱུར་དང་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན།

2024ལོའི་ཆུ་བེད་ཆུ་གློག་བྱ་བའི་གཙོ་གནད་ལྟར། ཤོང་ཚད་ཤོ་སྨི་འབུམ་གཅིག་མན་གྱི་ཆུ་གློག་ས་ཚིགས་ཆུང་བའི་རགས་ཆེན་བདེ་འཇགས་དཔྱད་འཇོག་ཡོངས་འགྲུབ་བྱེད་པ་དང་། བདེ་འཇགས་ཉེན་ཁའི་གྲལ་བཤེར་བཅོས་སྐྱོང་དམ་འཛིན་ནན་མོ་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་ཚད་ལྡན་ཅན་གྱི་བྱ་བ་རྒྱུན་མཐུད་ངང་སྤེལ་བ། ལོ་ཧྲིལ་བོར་བདེ་འཇགས་ཐོན་སྐྱེད་ཀྱི་ཚད་ལྡན་ཅན་གྱི་གློག་འདོན་ས་ཚིགས་ལྔ་བརྒྱ་གསར་སྣོན་བྱེད་རྒྱུ་རེད། དེ་དང་མཉམ་དུ། ཆུ་གློག་ཆུང་བའི་རིགས་བགར་ལེགས་བཅོས་བརྟན་བརླིང་ངང་སྤེལ་བ་དང་། ཆུ་གློག་ས་ཚིགས་ཆུང་བ་སོ་སོས་སྐྱེ་ཁམས་རྒྱུག་ཚད་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། ཆུ་གློག་ཆུང་བའི་ལྗང་མདོག་བསྒྱུར་བཀོད་དང་དེང་རབས་ཅན་གྱི་མཐོར་འདེགས་ལ་སྣེ་ཁྲིད་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།