ས་ཁུལ་སོ་སོ་རུ་ཕ་ཡུལ་དུ་ལོ་སར་ལ་ཡོང་བའི་མི་རྣམས་ཕྱིར་འགྲོ་བའི་མཐོ་རླབས་འཕྱུར་འདུག
2024.02.17 ཁུངས། ཀློག་གྲངས། 0

གསར་འགོད་པས་ཚེས་བཅུ་དྲུག་ཉིན་སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་པ་ལྟར་ན། ལོ་སར་ཚེས་བདུན་གྱི་ཉིན་ལ། ས་ཁུལ་སོ་སོ་རུ་མང་ཚོགས་རྣམས་ཕ་ཡུལ་ནས་ཕྱིར་འགྲོ་བའི་མཐོ་རླབས་འཕྱུར་འདུག  ཚེས་བཅུ་དྲུག་ཉིན་གྱི་དགུང་མོའི་དུས་ཚོད་བདུན་བར་དུ། རྒྱལ་ཡོངས་འགྲིམ་འགྲུལ་བདེ་འཇགས་རྣམ་པ་སྤྱིའི་ཆ་ནས་བརྟན་བརླིང་ཡིན་ལ། ཐེངས་གཅིག་ལ་མི་གསུམ་ཡན་རྐྱེན་ལམ་དུ་ཤོར་བའི་འགྲིམ་འགྲུལ་དོན་རྐྱེན་གྱི་གནད་དོན་གཅིག་ཀྱང་བྱུང་མེད། གྲོང་ཁྱེར་ཁ་ཤས་སུ་འགྲིམ་འགྲིལ་བཞུར་ཚད་མང་པས་རླངས་འཁོར་འཁོར་བསྐྱོད་དལ་བའི་གནས་ཚུལ་ཡོད་ཀྱང་དུས་ཡུན་རིང་བོ་འགོར་ནས། འགྲིམ་འགྲུལ་ལམ་འགག་བྱུང་བའི་གནས་ཚུལ་ཅི་ཡང་བྱུང་མེད།

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།