ཚེས་བཅུ་བདུན་ཉིན་ལུགས་རྙིང་ལོ་སར་སྐབས་ཀྱི་འགྲུལ་པ་ཕྱིར་ལོག་ཚད་ཆེས་མང་ཤོས་སུ་སླེབས།
2024.02.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉིས་སྟོང་ཉེར་བཞི་ལོའི་ལུགས་རྙིང་ལོ་སར་སྐབས་ཀྱི་ཕྱོགས་བསྡུས་སྐྱེལ་འདྲེན་ལས་དོན་གྱི་ཆེད་གཏོང་གཞི་གྲངས་ལས་མངོན་པ་ལྟར་ན། ཟླ2པའི་ཚེས17ཉིན། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་སྐྱོད་བྱས་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར་གསུམ་དང་བྱེ་བ་གཉིས་ས་ཡ་དྲུག་ལ་བུད་ཡོད། དེའི་ནང་དུ་ལྕགས་ལམ་གྱི་འགྲུལ་པ་སྐྱེལ་འདྲེན་བྱས་ཚད་མི་ཐེངས་བྱེ་བ་གཅིག་དང་ས་ཡ་དྲུག་འབུམ་གཉིས་དང་། གཞུང་ལམ་སྟེང་མི་སྣ་འགྲོ་སྐྱོད་བྱས་ཚད་མི་ཐེངས་དུང་ཕྱུར་གསུམ་དང་ས་ཡ་དྲུག ཆུ་ཐོག་གི་འགྲུལ་པ་སྐྱེལ་འདྲེན་བྱས་ཚད་མི་ཐེངས་ས་ཡ་གཅིག་དང་འབུམ་གཅིག་ཁྲི་བརྒྱད། དམངས་སྤྱོད་མཁའ་འགྲུལ་གྱིས་སྐྱེལ་འདྲེན་བྱས་ཚད་མི་ཐེངས་ས་ཡ་གཉིས་དང་འབུམ་ལྔ་ཁྲི་ལྔ་བཅས་ལ་སླེབས། 

བན་དེ་སྐྱབས་ཀྱིས་བསྒྱུར།