ལུགས་རྙིང་ལོ་སར་སྐབས་སུ་མཚོ་སྔོན་གནམ་གྲུ་ཐང་ཀུང་ཟིས་འགྲུལ་པ་མི་ཐེངས་འབུམ་གཅིག་དང་ཁྲི་གཉིས་སྟོང་གཅིག་བསྐྱལ།
2024.02.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉིས་སྟོང་ཉེར་བཞི་ལོའི་ལུགས་རྙིང་ལོ་སར་གྱི་གུང་གསེང་སྐབས་སུ། མཚོ་སྔོན་ཞིང་ཆེན་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་སྤྱིའི་ཆ་ནས་བརྟན་ལ་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་གནམ་གྲུ་ཐང་བདུན་གྱིས་ཁྱོན་བསྡོམས་གནམ་གྲུ་ཐེངས་སྟོང་གཅིག་དང་རེ་བཞི་བཏང་ནས། འགྲུལ་པ་མི་ཐེངས་འབུམ་གཅིག་དང་ཁྲི་གཉིས་སྟོང་གཅིག་སྐྱེལ་འདྲེན་བྱས་པ་དང་། དེ་དུས་མཉམ་ལས་སོ་སོར་བརྒྱ་ཆའི་བཅུ་དང་བརྒྱ་ཆའི་སོ་དྲུག་འཕར་ཡོད་ཅིང་། དེའི་ནང་ཟི་ལིང་གནམ་གྲུ་ཐང་གིས་གནམ་གྲུ་ཐེངས་བརྒྱད་བརྒྱ་དང་གྱ་བཞི་གཏོང་རྒྱུར་འགན་ལེན་བྱས་ཏེ། འགྲུལ་པ་མི་ཐེངས་འབུམ་གཅིག་དང་སྟོང་བདུན་སྐྱེལ་འདྲེན་བྱས་པ་དང་། དེ་དུས་མཉམ་ལས་སོ་སོར་བརྒྱ་ཆའི་བདུན་དང་བརྒྱ་ཆའི་སོ་ལྔ་འཕར་ཡོད།

ལུགས་རྙིང་ལོ་སར་གྱི་གུང་གསེང་སྐབས་སུ། “གཉེན་ཉེར་སྐོར་རྒྱག་པ་དང་ཡུལ་སྐོར་དུ་འགྲོ་བ་ཟུང་འབྲེལ་བྱེད་པ”ནི་ཀུན་གྱིས་དོ་སྣང་བྱ་ཡུལ་གྱི་འགྲོ་སྐྱོད་བྱེད་སྟངས་ཤིག་ཏུ་གྱུར་པ་དང་། ཟླ2པའི་ཚེས17ཉིན་ནི་ལུགས་རྙིང་ལོ་སར་གྱི་གུང་གསེང་གི་མཇུག་མཐའི་ཉིན་མོ་ཡིན་ཞིང་། ཟི་ལིང་གནམ་གྲུ་ཐང་ལ་མཚོན་ནས་བཤད་ན། ཉིན་དེར་འགྲུལ་པ་ཧ་ཅང་མང་། ཟི་ལིང་གནམ་གྲུ་ཐང་གིས་ཉིན་དེར་གནམ་གྲུ་ཐེངས་བརྒྱ་དང་ཉེར་དགུ་བཏང་བ་དང་། འགྲུལ་པ་སྐྱེལ་ཚད་མི་ཐེངས་ཁྲི་གཅིག་དང་སྟོང་ལྔ་ལ་སླེབས། འགྲུལ་པ་སྐྱེལ་ཚད་ཆེས་མང་བའི་གྲོང་ཁྱེར་བཅུ་ནི་ཁྲིན་ཏུའུ་དང་པེ་ཅིང་། ཧྲང་ཧའེ། ཞི་ཨན། ཡུས་ཧྲུའུ། ཀྲིན་ཀྲིག ཁྲུང་ཆིན། ཧང་ཀྲིག ལྷ་ས། ཁུང་མེན་བཅས་ཡིན་པ་དང་། དགུན་དཔྱིད་ཡུལ་སྐོར་བྱ་ཡུལ་གྱི་གྲོང་ཁྱེར་ལ་རྒྱ་ཆེའི་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ་པ་དང་། འགྲུལ་པ་འགྲོ་ཚད་དུས་མཚུངས་ལས་ཆེས་ཆེར་ཇེ་མང་དུ་སོང་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།