མཚོ་སྔོན་གྱིས་དེང་རབས་ཁོར་ཡུག་བཅོས་སྐྱོང་མ་ལག་མགྱོགས་མྱུར་ངང་བསྐྲུན།
2024.02.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ2པའི་ཚེས16ཉིན།  ཟི་ལིང་གྲོང་ཁྱེར་བཙོག་ཆུ་བཅོས་སྐྱོང་བཟོ་གྲྭ་བཞི་པ་ནས་ཕྲལ་གསེད་བྱས་པའི་འདམ་རྫབ་ཏུན16ལྷག་འབྲེལ་ཡོད་ཁེ་ལས་ལ་བསྐྱལ་ནས་གནོད་མེད་ཅན་དང་ཐོན་ཁུངས་ཅན་དུ་ཐག་གཅོད་བྱས་ཤིང་། དེ་མཚོ་སྔོན་ཞིང་ཆེན་གྱིས་དེང་རབས་ཁོར་ཡུག་བཅོས་སྐྱོང་མ་ལག་མགྱོགས་མྱུར་ངང་བསྐྲུན་པ་དང་། བཙོག་རྫས་ཕྱིར་འབུད་ལས་ཁུངས་ཀྱིས་དཔང་ཡིག་བཟུང་ནས་བཙོག་རྫས་ཕྱིར་འབུད་བྱེད་པའི་བྱ་བའི་ཐད་ནས་བླངས་པའི་ཕན་འབྲས་གལ་ཆེན་ཞིག་ཏུ་གྱུར་ཡོད།

2023ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་བཅོས་སྒྱུར་གསར་གཏོད་ཟབ་མོ་བྱས་ཏེ་དེང་རབས་ཁོར་ཡུག་བཅོས་སྐྱོང་མ་ལག་མགྱོགས་མྱུར་ངང་བསྐྲུན་པར་སྐུལ་འདེད་བཏང་། སྐྱེ་ཁམས་ཁོར་ཡུག་གི་ཁུལ་དབྱེ་དོ་དམ་ཚོད་འཛིན་གྲུབ་འབྲས་ཀྱི་འགུལ་རྣམ་གསར་སྒྱུར་ལེགས་འགྲུབ་བྱས་པ་དང་། གྲུབ་འབྲས་བེད་སྤྱོད་པར་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་ལ། བཙོག་རྫས་ཕྱིར་འབུད་པའི་ཆོག་མཆན་དཔང་ཡིག་དང་ལག་བསྟར་སྙན་ཞུའི་སྤུས་ཚད་ཀྱི་དོ་དམ་ལ་ཤུགས་བསྣན་ཏེ། བཙོག་རྫས་ཕྱིར་འབུད་ལས་ཁུངས་ཀྱིས་དཔང་ཡིག་བཟུང་ནས་བཙོག་རྫས་ཕྱིར་འབུད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།  རྒྱལ་ཡོངས་ནས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལྟ་སྐུལ་དང་སྐྱེ་ཁམས་ཁོར་ཡུག་གྱི་ལྟ་སྐུལ་དོ་དམ་སྦྲེལ་མཐུད་མཐུན་སྦྱོར་རྐྱེན་སྲོལ་ཐོག་མ་གསར་དུ་བཏོད་པ་དང་། གནད་དོན་གྱི་ཁུངས་སྣེ་བཅུ་གཉིས་རྩིས་སྤྲོད་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཏང་སྲིད་འགན་མཚུངས་དང་ལས་གནས་གཅིག་ནས་འགན་འཁྲི་གཉིས་ཁུར་བ་ཞེས་པ་དོན་འཁྱོལ་བྱེད་པར་སྐུལ་འདེད་གང་ལེགས་བཏང་ཞིང་།  སྐྱེ་ཁམས་ཁོར་ཡུག་གི་གནོད་སྐྱོན་ལ་སྐྱིན་ཚབ་འཇལ་བ་དང་སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་ཁྱབ་ཁོངས་ཀྱི་དཔེ་མཚོན་ཉེན་བརྡའི་གྱོད་གཞི་བཅུ་མཉམ་འབྲེལ་སྒོས་སྒྲོག་སྤེལ་བྱས། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་སོགས་སྡེ་ཁག་བཞིས་མཉམ་དུ་མཉམ་འགོག་མཉམ་བཅོས་ཀྱི་ཆེད་དོན་མཉམ་ལས་བྱེད་སྒོའི་འཆར་གཞི་མཉམ་དུ་བཀོད་ནས། མདོ་ལ་རི་བོའི་ཁུལ་ཁོངས་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ས་ཁོངས་ལས་བརྒལ་བའི་མཉམ་འབྲེལ་ལྟ་སྐུལ་དོ་དམ་གྱི་ཁྲིམས་བསྟར་བྱེད་ཤུགས་ཇེ་ཆེར་བཏང་།

དེ་དང་མཉམ་དུ། བཙོག་རྫས་ཕྱིར་འབུད་དབང་ཆའི་རིན་དོད་ཡོད་པའི་ཉོ་ཚོང་བེད་སྤྱོད་ལ་རྒྱུན་རྣམ་ཅན་གྱི་སྐུལ་འདེད་བཏང་བ་དང་། ཁེ་ལས་ང་གཉིས་ཀྱིས་ཉོ་ཚོང་འགྲན་རྩོད་དང་གྲོས་མཐུན་བརྒྱུད་འཚོང་གི་ཐབས་ཤེས་སྤྱད་ནས་བཙོག་རྫས་རིགས་གཙོ་བོ་ཕྱིར་འབུད་དབང་ཆའི་དམིགས་ཚད་ཐོབ་པར་བྱས། རྨ་ཆུའི་འབབ་རྒྱུད་ཀྱི་སྔོན་ཆད་ནས་ལུས་པའི་གཏེར་རིའི་སྐྱེ་ཁམས་གཏོར་བརླག་དང་སྦགས་བཙོག་གནས་ཚུལ་ལ་ཞིབ་བཤེར་གདེང་འཇོག་བྱེད་པར་རྩ་འཛུགས་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྤྱི་སྡོམ་དང་། ཁེ་ལས་ཁོར་ཡུག་གི་ཡིད་རྟོན་གདེང་འཇོག ཁེ་ལས་ཁོར་ཡུག་གི་བརྡ་འཕྲིན་ཁྲིམས་ལྟར་ཕྱིར་སྒྲོག་པའི་བྱ་བར་འཕེལ་རིམ་གསར་བ་བླངས།  ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་འཚོ་བའི་བཙོག་ཆུ་དབྱེ་འབྱེད་རྣམ་པས་བཅོས་སྐྱོང་བྱེད་པའི་འགག་རྩའི་ལག་རྩལ་ཞིབ་འཇུག་དང་བེད་སྤྱོད་དཔེ་སྟོན་ལག་བསྟར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རླུང་ཁམས་ཆེན་མོའི་སྦགས་བཙོག་གི་འབྱུང་ཁུངས་གསལ་འགྲེལ་དང་ཁྱབ་འབྱེད་ཁུངས་འདེད་ལ་ཚོད་ལྟའི་ཞིབ་འཇུག་བྱས་ཏེ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཉམ་འབྲེལ་ཞིབ་འཇུག་གི་གྲོང་ཁྱེར་གཅིག་ལ་ཇུས་གཞི་གཅིག་གི་གནས་སྡོད་ཚན་རྩལ་དབུལ་སྐྱོར་བྱ་བ་སྤེལ་འགོ་བཙུགས། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འགལ་བྱ་སྤྱོད་ཞུ་གཏུག་བྱེད་པར་བྱ་དགའ་སྟེར་བ་དོན་འཁྱོལ་བྱས་ཏེ། གནད་དོན་བཅུ་གཉིས་ཞུ་གཏུག་དོན་ལྡན་བྱས་པའི་མི་སྣར་བྱ་དགའ་སྒོར་ཁྲི་གཉིས་དང་སྟོང་དགུ་བྱིན། 


ལྷ་མོ་འཚོས་བསྒྱུར།