ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་དམངས་ཚིས་འབྲེལ་བའི་ཁྱབ་ཁོངས་ཀྱི་གྱོད་དོན་གལ་ཆེན་རྩད་གཅོད་པའི་བྱ་བ་ནན་མོར་བསྒྲུབས།
2024.02.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ད་ལོའི་ཟླ1ནས་ཟླ3པའི་བར། ཞིང་ཆེན་སྤྱི་བདེ་ལས་ཁུངས་ཀྱིས་དུས་ཡུན་ཟླ་གསུམ་རིང་ལ་དམངས་ཚིས་དང་འབྲེལ་བའི་ཁྱབ་ཁོངས་ཀྱི་དཔལ་འབྱོར་ཁྲིམས་འགལ་གྱོད་དོན་རྩད་གཅོད་བྱས་ནས། དཔལ་འབྱོར་ཁྲིམས་འགལ་གྱོད་དོན་མྱུར་སྒྲུབ་དང་། ནག་དངུལ་འདེད་ལེན་བྱས་ཏེ་གྱོང་གུད་ཇེ་ཆུང་དུ་གཏོང་བའི་བྱ་བ་སྒྲུབ་ཤུགས་སྔར་ལས་ཇེ་ཆེར་བཏང་སྟེ། ཁེ་ལས་དང་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་དངོས་སུ་སྲུང་སྐྱོབ་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས།

ངོ་སྤྲོད་བྱས་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱི་དཔལ་འབྱོར་མྱུར་ཞིབ་སྡེ་ཁག་གིས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་དང་། ཉེན་ཁ་སྔོན་འགོག་དང་མི་མངོན་པའི་ཉེན་ཁ་སེལ་བ། གྱོད་གཞི་ཇེ་ཉུང་དུ་གཏོང་བ། བདེ་འཇགས་སྲུང་བ་ཞེས་པའི་ཆེད་དོན་བྱེད་སྒོ་དང་དམ་དུ་སྦྲེལ་ནས། དམངས་ཚིས་དང་འབྲེལ་བའི་ཁྱབ་ཁོངས་ཀྱི་གྱོད་དོན་གལ་ཆེན་རྩད་གཅོད་བྱ་བ་ལེགས་པོར་བསྒྲུབས་པ་དང་། ལྷག་པར་དུ་གན་རྒྱའི་མགོ་གཡོག་མགོ་སྐོར་དང་། ལས་གནས་ལ་བརྟེན་ནས་ཧམ་བཟུང་བྱེད་པ། མ་དངུལ་གཞན་སྤྱོད། ཁྲིམས་འགལ་ཚོང་གཉེར་སོགས་རྒྱུན་དུ་མཐོང་ཞིང་འབྱུང་སླ་བའི་དམངས་ཚིས་གྱོད་གཞི་དག་མགྱོགས་མྱུར་སྒོས་རྩད་གཅོད་བྱས། དྲ་ཐོག་ཚོང་གཉེར་དང་ཁྲིམས་འགལ་དངུལ་བསྡུ། ཁྲིམས་འགལ་ཚོང་གཉེར་སོགས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་དཔལ་འབྱོར་གྱི་ཁྲིམས་འགལ་གྱོད་དོན་ལ་རྡུང་རྡེག་ཚ་ནན་བཏང་།   མི་དམངས་མང་ཚོགས་ཀྱིས་མྱུར་ཞིབ་བྱ་བར་བཏོན་པའི་རེ་བ་གསར་བར་ཧུར་ཐག་གིས་ལན་འདེབས་པ་དང་། གྱོད་དོན་སྒྲུབ་པ། ནག་དངུལ་འདེད་ལེན་བྱས་ཏེ་གྱོང་གུད་ཇེ་ཆུང་དུ་གཏོང་བ་བཅས་མཉམ་དུ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། དུས་ཐོག་ཏུ་གྱོད་དོན་དང་འབྲེལ་བའི་རྒྱུ་ནོར་ཁྲིམས་ལྟར་ཐེལ་གནོན་དང་བཙན་བཀག བཀག་བཅད་བཅས་བྱས་ཤིང་།   གྱོད་འབྲེལ་རྒྱུ་ནོར་གསང་བ་དང་ལྐོག་འཐེན། སྒྱུར་སྤྲོད་བཅས་བྱེད་པར་བཀག་འགོག་བྱས་ཏེ།   མིས་ཆད་པ་འཁུར་བ་དང་སྒོར་མོ་ཕྱིར་ལེན་པའི་བྱ་བའི་དམིགས་འབེན་མཐའ་གཅིག་ཏུ་མངོན་འགྱུར་བྱས།

ལྷ་མོ་འཚོས་བསྒྱུར།