མཚོ་བྱང་ཁུལ་གྱི་ལས་བྱེད་པ་ཡུལ་ཚོར་བསྐྱོད་ནས་ཡིག་ཆ་ཨང་དང་པོ་སྒྲོག་འགྲེལ་བྱས།
2024.02.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ2པའི་ཚེས26ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས2024ལོར་ལས་བྱེད་པ་གྲོང་གསེབ་དུ་བསྐྱོད་ནས་སློབ་པ་གཅིག་དང་སྒྲོག་པ་གཉིས། སྐུལ་འདེད་གསུམ་དང་མཐོར་འདེགས་བཞི་ཞེས་པའི་བྱེད་སྒོ་སྤེལ་འགོ་ཚུགས། ཁུལ་ཡོངས་ནས་གྲོང་གསེབ་དར་རྒྱས་ཀྱི་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་མི་སྣ་ཉིས་བརྒྱ་གོ་བདུན་གཙོ་བྱས་ཏེ། ཐིན་རིམ་པའི་འགོ་ཁྲིད་སོ་གཉིས་དང་། རྫོང་རིམ་པའི་འགོ་ཁྲིད་བརྒྱ་དང་བཅུ། ཚན་ཁག་རིམ་པ་དང་དེའི་མན་གྱི་ལས་བྱེད་པ་ཉིས་བརྒྱ་གྱ་ལྔ་གཅིག་བསྡུས་ཀྱིས་བདམས་ནས་ཁུལ་ཡོངས་ཀྱི་གྲོང་གསེབ་སུམ་ཅུ་དང་ཡུལ་ཚོ་ཉིས་བརྒྱ་བཅུ་བཞིར་མངགས་ཏེ་སྒྲོག་འགྲེལ་བྱ་འགུལ་སྤེལ།

ཐེངས་འདིའི་བྱ་འགུལ་དེ་ཟླ2པའི་ཚེས26ཉིན་མགོ་བརྩམས་པ་ནས་ཟླ3པའི་ཚེས25ཉིན་མཇུག་སྒྲིལ་རྒྱུ་ཡིན་པ་དང་། ཉིན་སུམ་ཅུའི་དུས་ཡུན་བེད་སྤྱོད་གང་ལེགས་བྱས་ནས། སྒྲོག་འགྲེལ་ལས་བྱེད་པ་གཞི་རིམ་མང་ཚོགས་ཀྱི་ཉེ་སར་བཅར་བ་དང་། ཉམས་མྱོང་སློབ་སྦྱོང་དང་། སྲིད་ཇུས་དྲིལ་སྒྲོག  གཏམ་རྒྱུད་འཆད་པ་དང་། འཆམ་མཐུན་ལ་སྐུལ་འདེད།  ཐོན་སྐྱེད་ལ་སྐུལ་འདེད། དར་རྒྱས་ལ་སྐུལ་འདེད། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་དང་། གྲོང་གསེབ་འཛུགས་སྐྲུན་ཆུ་ཚད་མཐོར་འདེགས། གྲོང་གསེབ་བཅོས་སྐྱོང་ཆུ་ཚད་མཐོར་འདེགས། གྲོང་གསེབ་ཀྱི་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཆུ་ཚད་ཇེ་མཐོར་གཏོང་བ་སོགས་ཀྱི་ནང་དོན་ལ་གཞིགས་ཏེ།  ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱེད་པ་དང་། ཞིང་འབྲོག་ཁུལ་གྱི་བཅོས་བསྒྱུར་འཕེལ་རྒྱས་སྲིད་ཇུས་སྒྲོག་འགྲེལ་བྱེད་པ། ལྷག་པར་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། དབུལ་ཐར་གྲུབ་འབྲས་སྲ་བརྟན་གཏོང་བ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཐོན་ལས་འཕེལ་རྒྱས་གཏོང་བ།  མཐོ་སྒང་གི་ཞི་མཐུན་མཛེས་པའི་གྲོང་སྡེ་འཛུགས་སྐྲུན་བྱེད་པ། ཞིང་འབྲོག་མི་དམངས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་གཏོང་བ་སོགས་ཏང་གི་ཞིང་དར་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་བྱེད་ཐབས་ཇི་མ་ཇི་བཞིན་དུ་གྲོང་གསེབ་ཀྱི་འབྲོག་ཁུལ་དང་། ཐོན་སྐྱེད་ཀྱི་ལས་རིམ་དང་པོར་དྲིལ་སྒྲོག་བྱས་ཏེ། མང་ཚོགས་ཀྱིས་ཏང་གི་དྲིན་བསམ་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་བྱས་ནས། ཞིང་འབྲོག་ཁུལ་གྱི་ལས་བྱེད་དང་མང་ཚོགས་ཀྱི་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཆོད་སེམས་དང་ངར་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་རེད།

ལྷ་མོ་འཚོས་བསྒྱུར།