ཟླ2པའི་ཚེས28ཉིན། མཚོ་སྔོན་གྱིས་རྒྱལ་ཡོངས་ནས་གནས་ངེས་གཏན་མེད་པའི་བྱིས་པ་དང་ཕ་མ་གམ་དུ་མེད་པའི་བྱིས་པའི་ཁེ་དབང་འགན་སྲུང་བྱ་བའི་ཚན་ཆུང་སྔོན་ལ་བཙུགས། དེ་ཞིང་ཆེན་ཡོངས་ཀྱི་གནས་ངེས་གཏན་མེད་པའི་བྱིས་པ་དང་ཕ་མ་གམ་དུ་མེད་པའི་བྱིས་པའི་ཁེ་དབང་འགན་སྲུང་བྱ་བའི་གཅིག་གྱུར་དང་མཐུན་སྦྱོར། ལྟ་སྐུལ་དང་མཛུབ་སྟོན་ལ་སྔར་ལས་ཤུགས་སྣོན་པ་དང་། གནས་ངེས་གཏན་མེད་པའི་བྱིས་པ་དང་ཕ་མ་གམ་དུ་མེད་པའི་བྱིས་པར་ལྟ་ཞིབ་ཚད་ལེན་དང་གྲལ་བཤེར་ཟབ་མོ་བྱས་ནས། གནས་ངེས་གཏན་མེད་པའི་བྱིས་པ་དང་ཕ་མ་གམ་དུ་མེད་པའི་བྱིས་པར་གཅེས་སྐྱོང་དང་སྲུང་སྐྱོབ་བྱ་བའི་བྱེད་ཐབས་ཞིབ་འཇུག་དང་གཏན་འབེབས་བཟོས་ཏེ། གནས་ངེས་གཏན་མེད་པའི་བྱིས་པ་དང་ཕ་མ་གམ་དུ་མེད་པའི་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྔར་ལས་སྲུང་སྐྱོབ་བཟང་བོ་བྱེད་པར་དོན་སྙིང་ལྡན།
གནས་ངེས་གཏན་མེད་པའི་བྱིས་པ་དང་ཕ་མ་གམ་དུ་མེད་པའི་བྱིས་པའི་ཁེ་དབང་འགན་སྲུང་དེ་གཞི་རྩའི་འཚོ་བ་དང་། སློབ་གསོ། སྨན་བཅོས་སོགས་ཕྱོགས་སོ་སོར་གཏོགས་པ་དང་། བྱ་བའི་ཚན་ཆུང་ནི་དམངས་སྲིད་དང་། སློབ་གསོ། འཕྲོད་བསྟེན་བདེ་ཐང་སོགས་འབྲེལ་ཡོད་སྡེ་ཁག་ཉེར་གཉིས་ཀྱིས་གྲུབ་ཅིང་། གཙོ་བོར་ཞིང་ཆེན་ཡོངས་ཀྱི་གནས་ངེས་གཏན་མེད་པའི་བྱིས་པ་དང་ཕ་མ་གམ་དུ་མེད་པའི་བྱིས་པའི་ཁེ་དབང་འགན་སྲུང་བྱ་བའི་གཅིག་གྱུར་མཐུན་སྦྱོར་དང་། གནས་ངེས་གཏན་མེད་པའི་བྱིས་པ་དང་ཕ་མ་གམ་དུ་མེད་པའི་བྱིས་པའི་ཁེ་དབང་འགན་སྲུང་གི་སྲིད་ཇུས་ཀྱི་བྱེད་ཐབས་དང་ལོ་འཁོར་གྱི་བྱ་བའི་འཆར་གཞི་ཞིབ་འཇུག་དང་གཏན་འབེབས་བཟོ་བ། གནས་ངེས་གཏན་མེད་པའི་བྱིས་པ་དང་ཕ་མ་གམ་དུ་མེད་པའི་བྱིས་པའི་ཁེ་དབང་འགན་སྲུང་བྱ་བར་རྩ་འཛུགས་དང་མཐུན་སྦྱོར། མཛུབ་སྟོན་བྱེད་པ། གནས་ངེས་གཏན་མེད་པའི་བྱིས་པ་དང་ཕ་མ་གམ་དུ་མེད་པའི་བྱིས་པའི་ཁེ་དབང་འགན་སྲུང་བྱ་བའི་དོན་འཁྱོལ་གནས་ཚུལ་ལ་སྐུལ་འདེད་དང་ཞིབ་བཤེར། གནས་ངེས་གཏན་མེད་པའི་བྱིས་པ་དང་ཕ་མ་གམ་དུ་མེད་པའི་བྱིས་པའི་ཁེ་དབང་འགན་སྲུང་བྱ་བའི་ཉམས་མྱོང་ཕྱོགས་བསྡོམས་དང་བརྗེ་རེས། ཁྱབ་གདལ་གཏོང་བ། དྲིལ་སྒྲོག་སློབ་གསོ་དང་གཟེངས་བསྟོད་བྱ་དགའི་བྱ་བ་རྩ་འཛུགས་བྱས་ཏེ་སྒྲུབ་པ་སོགས་ཀྱི་འགན་ཁུར་ཡོད།
ལྷ་མོ་འཚོས་བསྒྱུར།