རང་ཞིང་གི2024ལོའི་དཔྱིད་དུས་ཀྱི་ཆུང་འབྲིང་སློབ་མའི་བསླབ་དེབ་པར་སྐྲུན་འགྲེམས་སྤེལ་བྱ་བ་བདེ་བླག་ངང་གྲུབ།
2024.03.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ2པའི་ཚེས17ཉིན།   མང་ཡཱ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་དཔྱིད་དུས་ཀྱི་བསླབ་དེབ་སྡེབ་སྐྱེལ་ལེགས་འགྲུབ་བྱུང་བ་དང་བསྟུན་ནས། རང་ཞིང་གི2024ལོའི་དཔྱིད་དུས་ཀྱི་ཆུང་འབྲིང་སློབ་མའི་བསླབ་དེབ་པར་སྐྲུན་འགྲེམས་སྤེལ་བྱ་བ་བདེ་བླག་ངང་གྲུབ།

ལུགས་རྙིང་ལོ་སར་སྐབས་སུ།  མི་མང་ཤོས་ཤིག་དགའ་སྤྲོའི་འདུ་ར་དང་དུས་ཆེན་གྱི་སྤྲོ་དགར་གཡེང་དུས།  པར་འདེབས་འགྲེམས་སྤེལ་འཐབ་ཕྱོགས་སྔ་མོ་ནས་བྲེལ་འཚུབ་ཆེ་བའི་བྱ་བར་ཞུགས་ཤིང་།    མཚོ་སྔོན་ཞིན་ཧྭ་མི་རིགས་དཔེ་སྐྲུན་ཚད་ཡོད་ཀུང་སི་དང་།  མཚོ་སྔོན་ཞིང་ཆེན་ཞིན་ཧྭ་འགྲེམས་སྤེལ་སྡེ་ཚོགས་ཚད་ཡོད་ཀུང་སི་སོགས་བསླབ་དེབ་པར་སྐྲུན་འགྲེམས་སྤེལ་ལས་ཁུངས་དག་གི་འཕྲུལ་ཆས་ཀྱི་སྒྲ་ལྡིར་ལྡིར་དུ་གྲགས་ཤིང་། གློག་ཞུའི་འོད་ལམ་ལམ་དུ་འཚེར།  ལས་རིམ་དང་པོའི་ལས་མི་ཚང་མ་ལས་ཞུགས་བྱས་ཡོད་པ་དང་།  རླངས་འཁོར་སྒྲིག་ཆས་ཀྱིས་ཐེག་ཚད་ཀྱིས་འཁོར་སྐྱོད་བྱེད་བཞིན་ཡོད།  ལས་ཁུངས་སོ་སོས་ཧུར་བརྩོན་གྱིས་རམ་འདེགས་དང་། རིམ་པ་ཁག་གིས་མཉས་ལས་དམ་ཟབ་བྱས་ཏེ།  དུས་ཚོད་བྲེལ་འཚུབ་ཆེ་བ་དང་། ལས་འགན་ལྕི་བ།  དྲོད་ཚད་དམའ་བ། ལམ་ཐག་རིང་བ་སོགས་ཀྱི་ཤུགས་རྐྱེན་མི་ལེགས་པ་ཧུར་ཐག་སྒོས་ཁྱད་དུ་བསད་ནས། དུས་ཚོད་སྐར་ཆ་རེ་རེ་བརྩོན་ལེན་བྱས་ནས་ལས་སྣོན་བྱས་ཏེ་ཆེས་མགྱོགས་པའི་མྱུར་ཚད་ཀྱིས་སློབ་སྐབས་གསར་བའི་བསླབ་དེབ་སློབ་གྲྭ་སོ་སོར་བསྐུར་བ་དང་།  ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་བསླབ་དེབ་ས་ཡ་དགུ་དང་འབུམ་ལྔ་ཁྲི་གཉིས་སྟོང་དགུ་དང་ཉིས་བརྒྱའི་པར་སྐྲུན་འགྲེམས་སྤེལ་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱུང་།

སློབ་ཁྲིད་སྔོན་དུ་དཔེ་ཆ་འབྱོར་བ་དང་། མི་རེའི་ལག་ཏུ་དེབ་རེ་ཡོད་པར་བྱེད་པ་ཞེས་པ་དེ་ནི་ཏང་དང་སྲིད་གཞུང་གིས་མང་ཚོགས་ལ་ཁས་བླངས་པའི་དམ་བཅའ་བརྟན་པོ་ཡིན་པ་མ་ཟད། པར་འདེབས་འགྲེམས་སྤེལ་ལས་རིགས་ཀྱིས་ཕྲག་ཏུ་ཁུར་བའི་འགན་འཁྲི་ཞིག་ཀྱང་ཡིན།   བསླབ་དེབ་ཀྱི་རིན་སྟེར་འཕྱིས་བ་དང་པར་འདེབས་ལས་ཡུན་ཇེ་ཐུང་ཏུ་བཏང་བ།  མི་ལེགས་པའི་ནམ་ཟླ་སོགས་ཀྱི་རྒྱུ་རྐྱེན་ངན་པར་གཞིགས་ནས། ཞིང་ཆེན་ཏང་ཨུ་དྲིལ་སྒྲོག་པུའུ་ཡིས་བསླབ་དེབ་པར་སྐྲུན་འགྲེམས་སྤེལ་བྱ་བའི་ཆེད་དོན་མཐུན་སྦྱོར་ཚོགས་འདུ་རྩ་འཛུགས་བྱས་ཏེ་ཚོགས་ཤིང་།  བསླབ་དེབ་པར་སྐྲུན་འགྲེམས་སྤེལ་བྱ་བའི་ཁྲོད་འཕྲད་པའི་གནད་དོན་དང་དཀའ་ཁག་དུས་ཐོག་ཏུ་ཤེས་རྟོགས་བྱས་ནས་ཐག་གཅོད་དང་།  པར་སྐྲུན་དང་པར་འདེབས་ལ་ལྟ་སྐུལ་བྱས།  འགྲེམས་སྤེལ་ལས་ཁུངས་ཀྱིས་འགན་འཁྲི་གཙོ་བོ་ལག་བསྟར་ཏན་ཏིག་བྱས་ནས་མཐུན་སྦྱོར་འབྲེལ་འདྲིས་ཐབས་ལམ་བྱེད་ཐབས་བེད་སྤྱོད་བྱས་ཏེ། རྩོམ་སྒྲིག་དང་པར་སྐྲུན། འགྲེམ་སྤེལ་གཞི་གཅིག་ཅན་དུ་སྐུལ་འདེད་གཏོང་བའི་བྱ་བའི་རྐྱེན་སྲོལ་བཙུགས་ནས་པར་གཞི་དུས་ཐོག་ཏུ་པར་འགྲེམ་ཐུབ་པ་དང་དུས་ཚོད་དང་པོར་རིན་སྤྲོད་པར་ཁག་ཐེག་བྱས་ནས།  པར་སྐྲུན་འགྲེམས་སྤེལ་གྱི་ལས་ཕྱོད་སྔར་ལས་ཆེ་རུ་བཏང་།  དེ་དང་མཉམ་དུ།  ལྷད་མེད་པར་འདེབས་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ནས་བསླབ་དེབ་པར་སྐྲུན་དང་འགྲེམས་སྤེལ་གྱི་འགུལ་རྣམ་རྗེས་འདེད་བྱེད་པ་དང་།  གནད་འཁེལ་ཚོད་འཛིན་བྱས་ཏེ།  བསླབ་དེབ་ཀྱི་སྤུས་ཚད་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པར་ཁག་ཐེག་དང་། དགེ་སློབ་ཀྱི་ལུས་སེམས་བདེ་ཐང་ལ་འགན་ལེན་བྱས།

དངོས་སྦྱོང་སློབ་མ་ལྷ་མཆོག་རྒྱལ་གྱིས་བསྒྱུར།