ཆུ་དམར་ལེབ་རྫོང་གིས་སྡེ་སྡོད་ལས་བྱེད་པ་སྡེ་བར་བཅའ་སྡོད་བྱས་ནས་རོགས་འདེགས་བྱེད་པར་སྐུལ་འདེད་བཏང་།
2024.03.05 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གིས་འཇོན་ནུས་འགྲན་སྡུར་དང་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བཞི་ལྡན་བྱེད་སྒོ་སྤེལ་བ་བརྒྱུད། ཤུགས་ཆེན་པོས་སྡེ་བར་བཅའ་སྡོད་བྱེད་པའི་་ཧྲུའུ་ཅི་དང་པོ་དང་ལས་བྱེད་མི་སྣའི་འགན་འཁྲི་སྒྲུབ་པ་དང་འགན་འཁྲི་འཁུར་བ། ནུས་པ་མཐོར་འདེགས་སོགས་བྱ་བ་ལེགས་པོར་སྒྲུབ་ནས། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ཕྱོགས་ཡོངས་ནས་སྤེལ་བ་དང་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་དང་ལས་བྱེད་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་མཁོ་འདོན་བྱས།

ན་ནིང་གི་ལོ་མཇུག་ཏུ། ཡུལ་ཚོ་དང་གྲོང་རྡལ་ཁག་གི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་དང་ལས་རིགས་སྡེ་ཁག་སོ་སོ། གཙོ་གནད་གྲོང་ཚོ་སོ་སོ། སྤྱིར་བཏང་གི་གྲོང་ཚོ་བཅས་ཀྱི་ཡུལ་ཚོ་དང་གྲོང་རྡལ་གྱི་འགན་འཁུར་བློ་མཐུན21དང་། གཙོ་གནད་སྡེ་བར་བཅའ་སྡོད་བྱེད་པའི་ལས་བྱེད་པ་དང་ཀྲི་པུའུ་ཧྲུའུ་ཅི་སོགས་འབྲེལ་ཡོད་འགན་འཁུར་བློ་མཐུན48ཐུན་མོང་ཐོག་གྲོང་གསེབ་དར་སྤེལ་གྱི་འཇོན་ནུས་འགྲན་སྡུར་བྱེད་སྒོར་ཞུགས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་ཐོན་ལས་འཕེལ་རྒྱས། སྲིད་ཇུས་སྒྲོག་འགྲེལ་དང་དམངས་ལ་དོན་དངོས་སྒྲུབ་པ། དབུལ་འགྱུར་སྔོན་འགོག་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་དོན་འཁྱོལ་སོགས་ཀྱི་བྱ་བ་སྤེལ་ཚུལ་ལ་དམིགས་ནས་བརྗེ་རེས་བྱས་ཏེ། རྒྱུགས་ལེན་པར་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་དང་། འགྲན་སྡུར་ལ་བརྟེན་ནས་དག་ཐེར་ཡོ་བསྲང་ལ་སྐུལ་འདེད་བཏང་བ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་འགོ་ཁྲིད་དང་ལས་རིགས་སྡེ་ཁག་གི་འགོ་ཁྲིད། སྡེ་སྡོད་ལས་བྱེད་པ་སོགས་ལ་སྐུལ་འདེད་ཁྲིད་སྟོན་བྱས་ནས། སྡེ་བའི་མཉམ་ལས་ཁང་གི་ལས་བྱེད་པས་མི་འདང་ས་དང་ཞན་ཆ་བཙལ་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་དང་དུས་ཐོག་ཏུ་བཀག་རྒྱ་སེལ་བའི་གནད་འགག་ཡང་དག་པར་བཙལ།

ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་སྤེལ་བའི་དམངས་ཀྱི་གནས་ཚུལ་འདྲི་རྟོགས་དང་དམངས་ཀྱི་འདོད་བློ་གཅིག་བསྡུས། དམངས་སེམས་གཅིག་བསྡུས་བཅས་ཁྱིམ་ཚང་ཡོངས་ལ་ཁྱབ་པར་བྱེདའི་འཚམས་འདྲིའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། སྡེ་བར་བཅའ་སྡོད་བྱེད་པའི་ལས་བྱེད་མི་སྣ་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ་འཚམས་འདྲི་བྱ་ཡུལ་ཁྱིམ་ཚང་གི་མི་སྣའི་གྲུབ་ཚུལ་དང་ཡོང་འབབ་འགྲོ་སོང་། དཀའ་ངལ་རེ་ཞུ་སོགས་ཀྱི་གནས་ཚུལ་ཁྱོན་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་འཚོལ་སྡུད་བྱས་པ་དང་། ལས་བྱེད་མི་སྣ་མངག་པའི་ལས་ཁུངས་ཀྱི་ཐོན་ཁུངས་སྟོབས་ཤུགས་གཤམ་དུ་བསྐྱོད་པར་སྐུལ་འདེད་དང་མང་ཚོགས་ལ་སྔར་ལས་ལྷག་པའི་སྒོ་ནས་དཀའ་ངལ་དང་སེམས་ཁྲལ་གནད་དོན་ཐག་གཅོད་བྱེད་རོགས་བྱས། མིག་སྔའི་བར་དུ། རྫོང་ཡོངས་ཀྱི་སྡེ་བར་བཅའ་སྡོད་བྱེད་པའི་བྱ་བའི་རུ་ཁག་སྡེ་བ་གཙོ་བོ་དང་ཡུལ་གཞན་གནས་སྤོར་བཀོད་སྒྲིག་བྱེད་སའི་ཁྱིམ་ཚང་དྲུག་སྟོང་ཉིས་བརྒྱ་སོ་གསུམ་དང་མི་གྲངས་ཆིག་ཁྲི་བརྒྱད་སྟོང་ཆིག་བརྒྱ་གྱ་གཅིག་ལ་འཚམས་འདྲི་བྱས་ནས། འགལ་བ་དང་རྩོད་གཞི32སེལ་རོགས་བྱས་པ་དང་གནད་དོན་ཐེངས99ཐག་གཅོད་བྱས།

དངོས་སྦྱོང་སློབ་མ་རྣམ་རྒྱལ་མཚོས་བསྒྱུར།