སྐབས་རེ་གཅིག་པའི་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་རྗེས་དྲན་ཉིན་མོ་སླེབས་པ་དང་བསྟུན་ནས། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་གྱི་དཔེ་སྟོན་ས་ཚིགས་དང་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་ལས་གནས་དཔེ་སྟོན་མི་སྣར་མིང་འདོགས་པའི་སྐོར་གྱི་ཆོད་དོན་པར་འགྲེམས་བྱས། གུང་གཞོན་ཚོགས་པ་རྐང་ཚ་རྫོང་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་ལྔ་ལ2023ལོའི་མཚོ་སྔོན་ཞིང་ཆེན་གྱི་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དཔེ་སྟོན་ས་ཚིགས་དང་། བསོད་ནམས་ཆོས་སྐྱིད་སོགས་བློ་མཐུན་ལྔ་ལ2023ལོའི་མཚོ་སྔོན་ཞིང་ཆེན་གྱི་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་ལས་གནས་དཔེ་སྟོན་མི་སྣའི་མིང་བཏགས།
ཆོད་དོན་ལས་བསྟན་དོན། གསར་དུ་མིང་བཏགས་པའི་ལས་ཁུངས་དང་མི་སྒེར་གྱིས་རང་གནས་ཀྱི་འགན་འཁྲི་དོན་འཁྱོལ་ལེགས་པོ་བྱས་ཏེ། ལག་ལེན་དངོས་ཀྱི་སྟེང་ནས་དུས་རབས་གསར་བའི་ལེ་ཧྥུན་གཏམ་རྒྱུད་འབྲི་བ་དང་། གཟེངས་རྟགས་ལ་གཅེས་སྐྱོང་། ཡང་འབད་བསྐྱར་འབད་བྱས་ནས་རང་གནས་ཀྱི་ལས་རྐང་ཁྲོད་གྲུབ་འབྲས་མངོན་གསལ་བླངས་ཏེ་སྤྱི་ཚོགས་ཡོངས་ལ་བྱས་རྗེས་མི་དམན་པ་འཇོག་པ་དང་། དུས་ནམ་ཡིན་ཡང་ལེ་ཧྥུན་སྙིང་སྟོབས་ཀྱི་རྒྱུད་འཛིན་པ་དང་དཔེ་བཟང་ལག་བསྟར་བ་བྱེད་དགོས་ཚུལ་བསྟན་ཡོད། ཆོད་དོན་ལས་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་ཁོངས་གཏོགས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “འདུ་ཤེས་བཞི”ཆེ་རུ་སྐྱེད་པ། “ཡིད་ཆེས་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བསྒྲུབ་ཐུབ་པ་བྱ་དགོས། མཚོ་སྔོན་ཞིང་ཆེན་གྱི་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དཔེ་སྟོན་ས་ཚིགས་དང་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་ལས་གནས་དཔེ་སྟོན་མི་སྣ་ལ་མིང་བཏགས་པ་གོ་སྐབས་སུ་བརྩིས་ཏེ། ལེ་ཧྥུན་གྱི་སྙིང་སྟོབས་དང་། གཏོང་ཕོད་དང་མཛའ་བརྩེ། ཕན་ཚུན་རོགས་རམ། ཡར་ཐོན་བཅས་ཀྱི་དང་བླངས་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་གཏོང་བ་དང། དུས་རབས་ཀྱི་གོམས་སྲོལ་གསར་བ་དང་རྣམ་པ་གསར་བ་གསོ་སྐྱོང་། མི་རིགས་བསྐྱར་དར་གྱི་ལས་འགན་འཁུར་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བས་སྣེ་ཁྲིད་དེ་སློབ་གསོ་དྲིལ་སྒྲོལ་རྒྱུན་འཁྱོངས་དང་། དཔེ་སྟོན་སྣེ་ཁྲིད། ལག་ལེན་གོམས་སྲོལ་བཅས་ཟུང་དུ་འབྲེལ་ནས་ལས་གནས་རུ་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་ནན་ཏན་གྱིས་སྤེལ་བ་དང་། ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་འདྲེས་པར་བྱས་ནས། དེ་ཉིད་རྒྱུན་ལྡན་གྱི་གོམས་སྲོལ་ཞིག་ཏུ་འགྱུར་བ་དང་། མི་རྣམས་ལ་སྙིང་ཉེ་བ། བཀུར་བསྟི། སློབ་སྦྱོང་བྱེད་ཆོག་པའི་ཚད་ཤིང་དུ་བྱས་ནས། རང་ས་ཁུལ་དང་རང་ལས་རིགས་སུ་དཔེ་སྟོན་སྐུལ་ཁྲིད་ཀྱི་ཕན་ནུས་ཐོན་དུ་བཅུག་སྟེ། ལེ་ཧྥུན་སྙིང་སྟོབས་དེར་དུས་རབས་གསར་བར་སྔར་ལས་འོད་མདངས་རྣམ་པར་བཀྲ་བར་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་བྱས་རྗེས་མི་དམན་པ་འཇོག་དགོས།
དངོས་སྦྱོང་སློབ་མ་ལྷ་མཆོག་རྒྱལ་གྱིས་བསྒྱུར།