2024ལོ་ནས་བཟུང་། མཚོ་སྔོན་གྱིས་ལོ་གསུམ་ལ་རོང་འབྲོག་ཁུལ་གྱི་གཞིས་སྲུང་བྱིས་པ་དང་དཀའ་ཁག་ཡོད་པའི་བྱིས་པར་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བའི་ལས་འགུལ་དངོས་སུ་སྤེལ། ཉེ་སྔོན་ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་། ཞིང་ཆེན་སློབ་གསོ་ཐིན་བཅས་སྡེ་ཁག་དྲུག་གིས་མཉམ་འབྲེལ་སྒོས་རོང་འབྲོག་ཁུལ་གྱི་གཞིས་སྲུང་བྱིས་པ་དང་དཀའ་ཁག་ཡོད་པའི་བྱིས་པར་གཅེས་སྐྱོང་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་ལག་བསྟར་ཇུས་གཞི་པར་འགྲེམ་སྤེལ་བྱས་ཏེ་ལས་འགུལ་འདི་དངོས་སུ་སྤེལ་འགོ་བརྩམས།
ལས་འགུལ་ཇུས་གཞི་གཞིར་བཟུང་ན། རྗེས་ཕྱོགས་ཀྱི་ལོ་གསུམ་ནང་མཚོ་སྔོན་ཞིང་ཆེན་གྱིས་བསམ་བློའི་བྱང་ཚད་མཐོར་འདེགས་དང་ལྟ་སྐྱོང་སྤུས་འདེགས། གནད་འཁེལ་རོགས་སྐྱོར། བདེ་འཇགས་འགོག་སྲུང་། སེམས་ཁམས་གཅེས་སྐྱོང་། རྨང་གཞི་རྩ་བརྟན་དུ་གཏོང་བ་བཅས་ཀྱི་ཆེད་དོན་ལས་འགུལ་ཆེན་མོ་དྲུག་དང་ལས་འགན་གཙོ་བོ་ཉེར་བཞི་ལག་བསྟར་བྱས་ནས། ཕྱོགས་ཡོངས་ནས་གཅེས་སྐྱོང་ཞབས་ཞུའི་སྤུས་ཚད་མཐོར་འདེགས་བྱས་ནས། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་ཀྱི་གཞིས་སྲུང་བྱིས་པ་དང་དཀའ་ཁག་ཡོད་པའི་བྱིས་པའི་འཚོ་སྡོད་དབང་ཆ་དང་འཕེལ་རྒྱས་དབང་ཆ། སྲུང་སྐྱོང་ཐོབ་དབང་། ཟབ་ཞུགས་དབང་ཆ་བཅས་ལ་སྔར་ལས་འགན་སྲུང་ལེགས་པོ་བྱེད་རྒྱུ་རེད། ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་རོང་འབྲོག་ཁུལ་གྱི་གཞིས་སྲུང་བྱིས་པ་དང་དཀའ་ཁག་ཡོད་པའི་བྱིས་པར་གཅེས་སྐྱོང་ཞབས་ཞུའི་མ་དངུལ་འགན་ལེན་བྱེད་ཤུགས་ཇེ་ཆེར་གཏོང་བའི་ཞོར་དུ། ལས་འགུལ་ལག་བསྟར་བྱས་པའི་གནས་ཚུལ་ལ་རྗེས་དེད་ནས་ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་གཞིས་སྲུང་བྱིས་པ་དང་དཀའ་ཁག་ཡོད་པའི་བྱིས་པར་གཅེས་སྐྱོང་བྱེད་པའི་ཁོར་ཡུག་བཟང་བོ་ཞིག་ཧུར་ཐག་སྒོས་སྐྲུན་དགོས།
དངོས་སྦྱོང་སློབ་མ་ཏྭ་རེ་སྐྱིད་ཀྱིས་བསྒྱུར།