མཚོ་སྔོན་གྱིས3.12སྡོང་འཛུགས་དུས་ཆེན་གྱི་བརྗོད་དོན་དྲིལ་སྒྲོག་བྱ་འགུལ་སྤེལ།
2024.03.14 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 18

ཟླ3པའི་ཚེས10ཉིན་ཏེ། སྐབས46པའི་སྡོང་འཛུགས་དུས་ཆེན་སླེབས་ལ་ཉེ་བའི་སྐབས་སུ།  མཚོ་སྔོན་ཞིང་ཆེན་དང་། ཟི་ལིང་གྲོང་ཁྱེར་ནགས་ལས་རྩྭ་ས་ཅུའུ། ཞིང་ཆེན་དང་གྲོང་ཁྱེར་ལྗང་སྒྱུར་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་མཉམ་འབྲེལ་སྒོས་ཟི་ལིང་ཞིན་ཉིང་ཐང་ཆེན་དུ་སྡོང་འཛུགས་འོས་འགན་ལག་བསྟར་དོན་འཁྱོལ་བྱས་ནས། མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་བྱེད་ཅེས་པའི3.12སྡོང་འཛུགས་དུས་ཆེན་གྱི་བརྗོད་དོན་དྲིལ་སྒྲོག་བྱ་འགུལ་སྤེལ།

བྱ་འགུལ་སྤེལ་ས་རུ་མཚོ་སྔོན་ནགས་ལས་རྩྭ་ས་སྡེ་ཁག་གིས་རྒྱལ་ཁབ་ཀྱི་དོན་ཆེན་སེམས་ལ་བཅངས་ནས།  ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་ཅེས་པའི་བརྙན་རིས་བསྟན་པ་དང་། དྲིལ་སྒྲོག་བྱང་བུ་བཤམས་པ།  དྲིལ་སྒྲོག་རྒྱུ་ཆ་སྟེར་བ་སོགས་ཀྱི་རྣམ་པར་བརྟེན་ནས་གྲོང་ཁྱེར་སྡོད་དམངས་ལ་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་ཀྱི་འགན་ནུས་སྒྲུབ་སྟབས་བརྒྱད་དང་མཉམ་འབྲེལ་དྲ་རྒྱ་དང་དམངས་ཡོངས་ཀྱི་སྡོང་འཛུགས་འོས་འགན་རྟེན་གཞིའི་འཛུགས་སྐྲུན་དང་།  ཚན་རིག་དང་མཐུན་པའི་སྒོ་ནས་སྡོང་འཛུགས་རྩྭ་འདེབས་བྱེད་པ། རྩྭ་ཐང་ནགས་ཚལ་གྱི་མེ་འགོག  ནད་འབུ་འགོག་པ་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་དྲིལ་སྒྲོག་བྱས་པ་དང་། མང་ཚོགས་རྣམས་ཀྱིས་ཁ་པར་ཨང་རིས་བརྒྱུད་དེ་དྲ་ཐོག་འོད་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་པར་སྣེ་ཁྲིད་བྱས་ཏེ།  ཚང་མས་ལྗང་སྒྱུར་བྱེད་པ་དང་། ལྗང་སྒྱུར་ལ་སྲུང་སྐྱོབ་བྱེད་པར་གྲོས་འདོན་བྱས།  མཚོ་སྔོན་ཞིང་ཆེན་ན་གཞོན་བྱ་འགུལ་ལྟེ་གནས་གྱི་དགེ་རྒན་དང་བྱིས་པས་བསིལ་གྲིབ་ལྡན་པའི་ལྗོན་ཤིང་མཉམ་འཛུགས་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཚོ་སྔོན་གསར་བ་བསྐྲུན།”ཞེས་པའི་སྨི་བརྒྱའི་རིང་ཚད་ཅན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་རི་མོ་འབྲི་བཞེངས་བྱས་ཏེ། གོམ་གང་མདུན་སྤོས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་ཤེས་བྱ་ཁྱབ་གདལ་བཏང་བ་དང་།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དྲིལ་སྒྲོག་བྱས་པར་མ་ཟད། ལྗང་མདོག་ཐཱན་ཉུང་གི་འཚོ་བ་དར་སྤེལ་བཏང་ཡོད། བྱ་འགུལ་ཁྲོད་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར་དུ་གསར་འཛུགས་བྱས་པའི་ཞིང་ཆེན་རིམ་པའི་མཉམ་འབྲེལ་དྲ་རྒྱ་དང་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་རྟེན་གཞི་བཞི་ལ་སྒོ་བྱང་བཀལ།

དངོས་སྦྱོང་སློབ་མ་ལྷ་མཆོག་རྒྱལ་གྱིས་བསྒྱུར།