མཚོ་སྔོན་ཞིང་ཆེན་གྱིས2023ལོའི་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་བརྟག་དཔྱད་སྙན་ཞུ་དང2023ལོའི་མཚོ་སྔོན་ཞིང་ཆེན་གྱི་མི་སྡོད་ཁོར་ཡུག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱབ་ཤ་སྔོན་པོའི་སྙན་ཞུ་སྒྲོག་སྤེལ་བྱས།
2024.03.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཉེ་ཆར། མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་ཐིན་དང་ཀྲུང་གོའི་གྲོང་ཁྱེར་འཆར་འགོད་ཇུས་འགོད་ཞིབ་འཇུག་གླིང་གཉིས་ཀྱིས་མཉམ་འབྲེལ་སྒོས2023ལོའི་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་བརྟག་དཔྱད་སྙན་ཞུ་དང2023མཚོ་སྔོན་ཞིང་ཆེན་གྱི་མི་སྡོད་ཁོར་ཡུག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱབ་ཤ་སྔོན་པོའི་སྙན་ཞུ་སྒྲོག་སྤེལ་བྱས་ཤིང་། འདི་ནི་རང་ཞིང་གིས་གྲོང་ཁྱེར་ལ་བརྟག་དཔྱད་བྱས་པ་ནས་བཟུང་། རྒྱབ་ཤ་སྔོན་པོའི་སྙན་ཞུ་སྒྲོག་སྤེལ་བྱས་པ་ཐོག་མ་ཡིན་ལ། ཁྱོན་བསྡོམས་སྤྱིའི་སྙན་ཞུ་གཅིག་དང་བྱེ་བྲག་གི་སྙན་ཞུ་བདུན་ཚུད་ཡོད་པ་དང་། བྱེ་བྲག་ཏུ2023ལོར་བདམས་པའི་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། ན་གོར་མོ་གྲོང་ཁྱེར། གཏེར་ལེན་ཁ་གྲོང་ཁྱེར། མང་ཨེ་གྲོང་ཁྱེར།  ཡུས་ཧྲུའུ་གྲོང་ཁྱེར། ཐུན་རིན་གྲོང་ཁྱེར་བཅས་གྲོང་ཁྱེར་བདུན་གྱི་བརྟག་དཔྱད་བྱ་བར་གདེང་འཇོག་དང་ཡར་ཞུ་བྱས།

དེའི་ཁྲོད། གྲོང་ཁྱེར་དང་སྲང་ཁུལ། སྡེ་ཁུལ་ཆུང་བ་དང་སྡོད་གནས་བཅས་ཕྱོགས་བཞི་བརྒྱུད་དེ་ཞིབ་དཔྱོད་དང་གདེང་འཇོག་བྱས་ཏེ། གྲོང་ཁྱེར་འཛུགས་སྐྲུན་དང་འཕེལ་རྒྱས་ཁྲོད་ཀྱི་གྲོང་ཁྱེར་གྱི་གནད་དོན་གནད་ལ་འཁེལ་བའི་སྒོ་ནས་འཚོལ་ཞིབ་བྱས་པ་དང་། སྒྲིག་བཀོད་ཀྱི་བྱེད་ནུས་དང་། ཁོར་ཡུག་གི་སྤུས་ཀ འཛུགས་སྐྲུན་སྤུས་ཚད་སོགས་ཀྱི་ཕྱོགས་སུ་ཡོད་པའི་གནད་དོན་གཅིག་སྡུད་བྱས་ནས། གྲོང་ཁྱེར་བརྟག་དཔྱད་བརྒྱུད་དེ་གནད་དོན་མཐོང་བ་ནས་གྲོང་ཁྱེར་གསར་སྒྱུར་གྱིས་གནད་དོན་ཐག་གཅོད་བྱེད་པའི་ལག་ལེན་ཐབས་ལམ་འཚོལ་ཞིབ་བྱས་ཏེ། ཞིང་ཆེན་རིམ་པའི་སྡེ་ཁག་གིས་གྲོང་ཁྱེར་བརྟག་དཔྱད་གྱི་ཚད་ལྡན་མཛུབ་སྟོན་དང་། གྲུབ་འབྲས་གདེང་འཇོག གཅིག་གྱུར་ཕྱོགས་བསྡུས།  གྲུབ་འབྲས་ཚུར་སྒྱུར་ཉེར་སྤྱོད་སོགས་ཀྱི་བྱེད་ནུས་མང་པོ་འདོན་སྤེལ་གང་ལེགས་བྱས།

གྲོང་ཁྱེར་བརྟག་དཔྱད་ནི་དུས་སྐབས་གསར་བར་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཞིབ་ཕྲ་ཅན་གྱི་བཅོས་སྐྱོང་མངོན་འགྱུར་འབྱུང་བའི་ནུས་ལྡན་གྱི་ཐབས་ལམ་ཞིག་ཡིན་ལ། གནད་དོན་ཁྲིད་ཕྱོགས་སུ་བྱས་ནས་གྲོང་ཁྱེར་འཕེལ་རྒྱས་ཀྱི་རྣམ་པའི་འགྱུར་ལྡོག་ལ་སྐུལ་འདེད་གཏོང་བའི་ནུས་ལྡན་གྱི་འཇུག་སྒོ་ཞིག་ཡིན། རང་ཞིང་གི་གྲོང་ཁྱེར་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་སོང་བར་བསྟུན་ནས་གྲོང་ཁྱེར་གྱི་གནད་དོན་སྣ་ཚོགས་རིམ་གྱིས་བྱུང་བས། གྲོང་ཁྱེར་བརྟག་དཔྱད་བྱ་བ་སྤེལ་ན་གྲོང་ཁྱེར་འཕེལ་རྒྱས་ཁྲོད་ཀྱི་ཞན་ས་དང་མི་འདང་ས། བཅོས་སྐྱོང་གི་དཀའ་གནད་སོགས་སྔོག་འདོན་གང་ལེགས་བྱེད་ཐུབ་ཅིང་། ཁ་གཏད་རང་བཞིན་ལྡན་པའི་ཐག་གཅོད་ཇུས་གཞི་དང་སྔོན་འགོག་བྱེད་ཐབས་འདོན་ཐུབ།

ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་གྱིས་བསྟན་དོན། གོམ་སྟབས་རྗེས་མར་གྲོང་ཁྱེར་བརྟག་དཔྱད་ཀྱི་གདེང་འཇོག་ལམ་ལུགས་ཕྱོགས་ཡོངས་ནས་འཛུགས་པའི་ལག་བསྟར་བསམ་འཆར་གྱི་ཡིག་ཆའི་དགོངས་དོན་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་བརྟག་དཔྱད་གྲུབ་འབྲས་གཙོ་བོ་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་བྱེད་ཅིང་། གྲོང་ཁྱེར་གྱི་བདེ་ཐང་སྟོན་གྲངས་སོགས་ལྟ་ཞིབ་ཚད་ལེན་སྟོན་གྲངས་སྒྲོག་སྤེལ་བྱས་ནས་ས་གནས་སྲིད་གཞུང་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་ལ་སྤྲད་དེ། དུས་ཐོག་ཏུ་སྔོན་ཟོན་དང་དུས་ཐོག་ཏུ་ཁ་ཕྱོགས་གཏན་འཁེལ་བྱེད་རྒྱུ་ཡིན། ཞིང་ཆེན་ཡོངས་ཀྱི་མི་སྡོད་ཁོར་ཡུག་ཁྱབ་ཁོངས་ཀྱི་འཕེལ་རྒྱས་དམིགས་འབེན་དང་ཕྱོགས་གསུམ་པས་བརྟག་དཔྱད་བྱས་ཏེ་ཤེས་རྟོགས་བྱུང་བའི་ཐུན་མོང་རང་བཞིན་གྱི་གནད་དོན་ལ་གཞིགས་ཏེ། ལོ་རྗེས་མའི་ཞིང་ཆེན་ཡོངས་ཀྱི་མི་སྡོད་ཁོར་ཡུག་འགུལ་སྐྱོད་འཆར་གཞི་གཏན་འབེབས་བཟོ་བ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གསར་སྒྱུར་རྣམ་གྲངས་འོས་སྦྱོར་རྩིས་ཐོ་གྲུབ་པ། གྲོང་ཁྱེར་བརྟག་དཔྱད་དེ་ཀྲུང་དབྱང་གི་མ་དངུལ་འབད་པས་བརྩོན་ལེན་བྱས་ནས་ས་གནས་ཀྱིས་གྲོང་ཁྱེར་གསར་སྒྱུར་འགུལ་སྐྱོད་ལག་བསྟར་བྱེད་པར་རྒྱབ་སྐྱོར་དང་། དངུལ་རྩའི་ལས་ཁུངས་ཀྱིས་གཟིགས་སྐྱོང་སྲིད་ཇུས་འདོན་སྤེལ་དང་། རིམ་པ་སོ་སོའི་ནོར་སྲིད་སྡེབ་སྒྲིག་མ་དངུལ་དང་སྤྱི་ཚོགས་མ་རྩ་གཏོང་སྤྲོད་ཁ་ཕྱོགས་ཀྱི་རྩ་བའི་གཞི་འཛིན་ས་བྱེད་དགོས།

ལྷ་མོ་འཚོས་བསྒྱུར།