མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་ཁུལ་བརྒྱད་དུ་རྒྱལ་ཁོངས་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་བྱ་རྒྱུ་རེད།
2024.03.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ3པའི་ཚེས21ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན། ཞིང་ཆེན་སྲིད་གཞུང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས2021ལོ་ནས2035ལོའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁོངས་སྐྱེ་ཁམས་ཉམས་གསོ་འཆར་འགོདལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་དང་། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ནགས་རྩྭ་ཅུའུ་བཅས་མཉམ་འབྲེལ་སྒོས་འགྲེམས་སྤེལ་བྱས་པ་དེ་རྒྱལ་ཁབ་དང་ཁུལ་ཁོངས་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། ཞིང་སའི་སྐྱེ་ཁམས་བྱེད་ནུས་ཇེ་དྲག་ཏུ་གཏོང་བ། གྲོང་ཁྱེར་གྱི་སྐྱེ་ཁམས་སྤུས་ཀ་མཐོར་འདེགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད།

འཆར་འགོད་ཀྱིས་ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་ཀྱི་གོ་གནས་དམིགས་ཡུལ་དུ་བྱས་ཤིང་། འབབ་རྒྱུད་གཙོ་བོ་དང་རི་རྒྱུད་དེ་རྨང་གཞིའི་སྡེ་ཚན་དུ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་འགོག་ར་གཉིས་དང་སྐྱེ་ཁམས་ཁུལ་གསུམ། སྐྱེ་ཁམས་ཁྱམས་ར་མང་བོ་བཅས་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་རྣམ་པར་གཞིགས་ནས། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་དར་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་གཅིག་གྱུར་འཆར་འགོད་བྱས་པ་དང་། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་འཇགས་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་མཐོར་འདེགས་སུ་བཏང་སྟེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་ཇེ་བརྟན་དུ་བཏང་།

འཆར་འགོད་ལས་མཚོ་སྔོན་ཞིང་ཆེན་དེ་འབྲི་ཆུའི་འགོ་ཁུངས་དང་རྨ་ཆུའི་འགོ་ཁུངས། རྫ་ཆུའི་འགོ་ཁུངས། མདོ་ལ་རི་བོ། རྨ་ཙོང་གཞོང་ས།    གུང་ཧོ་གཞོང་ས།  མཚོ་སྔོན་པོའི་འབབ་རྒྱུད། ཚྭ་འདམ་གཞོང་ས་སོགས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་བརྒྱད་ལ་དབྱེ་ཞིང་། རི་ཆུ་ནགས་ཞིང་མཚོ་རྩྭ་གྲོང་ཁྱེར་བཅས་གཞི་གཅིག་ཏུ་འབྲེལ་བའི་བསམ་ཕྱོགས་ལྟར། རི་འགོ་རི་འདབས་དང་སྟོད་སྨད་རྒྱུད་ཀྱི་སྲུང་སྐྱོབ་དང་། མ་ལག་སླར་གསོ། ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་བསྣན་ཏེ། གངས་རི་འཁྱགས་རོམ་དང་། གཙང་བོ་དང་མཚེའུའི་མཛོད། བརླན་ས་དང་འཁྱགས་ས། རྩྭ་ཐང་སྤང་ཐང་། བྱེ་ས་དང་ཐང་རྒོད་སོགས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་སླར་གསོ་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་།  རྒྱལ་ཁོངས་སྐྱེ་ཁམས་སླར་གསོའི་སྤྱི་བའི་རྣམ་པ་དང་། སྐྱེ་ཁམས་མ་ལག་གི་ཞབས་ཞུའི་གལ་ཆེན་རང་བཞིན། སྐྱེ་ཁམས་ཚོར་སྐྱེན་རང་བཞིན་མཐོ་བའི་ཁུལ་ཁོངས། སྐྱེ་ཁམས་གནད་དོན་འབུར་དུ་ཐོན་པའི་ཁུལ་ཁོངས་སོགས་ལ་གཅིག་གྱུར་གྱིས་བསམ་གཞིགས་བཏང་ནས། སྐྱེ་ཁམས་སྲུང་སྐྱོབ་ཉམས་གསོ་ཁུལ་བརྒྱད་ཀྱི་ཁྲོད་ཁུལ་ཁོངས་གཙོ་བོ་བཅུ་བཞི་དབྱེ་འབྱེད་བྱེད་པ་དང་།  གཙོ་གནད་ལས་གཞི་ཆེན་མོ་བཅུ་དང་རྣམ་གྲངས་གཙོ་བོ་སོ་བརྒྱད་བཀོད་སྒྲིག་བྱས་ཏེ། རྒྱལ་ཡོངས་དང་ཡང་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མགྱོགས་མྱུར་ངང་བསྐྲུན་པར་སྐྱེ་ཁམས་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།

ལྷ་མོ་འཚོས་བསྒྱུར།