སྟོང་སྐོར་རྫོང“བཟང་བོ་བཞིའི་ཞིང་སྡེའི་ལམ”གྱི་རྒྱལ་ཡོངས་དཔེ་སྟོན་རྫོང་དུ་བདམས།
2024.03.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ།   འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་ཞིང་ལས་ཞིང་སྡེ་པུའུ། རྒྱལ་ཁབ་སྦྲག་སྲིད་ཅུའུ་བཅས་ཀྱིས་སྐོར་བཞི་པའི“བཟང་བོ་བཞིའི་ཞིང་སྡེའི་ལགྱི་རྒྱལ་ཡོངས་དཔེ་སྟོན་རྫོང་གསར་འཛུགས་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་།   སྟོང་སྐོར་རྫོང“བཟང་བ་བཞིའི་ཞིང་སྡེའི་ལམགྱི་རྒྱལ་ཡོངས་དཔེ་སྟོན་རྫོང་དུ་བདམས་ཡོད།

ཉེ་བའི་ལོ་འགའི་རིང་ལ།    སྟོང་སྐོར་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བཟང་བོ་བཞིའི་ཞིང་སྡེའི་ལམ”ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་བཟང་བོ་དང་དོ་དམ་བཟང་བོ།  སྲུང་སྐྱོབ་བཟང་བོ།  འཁོར་སྐྱོད་བཟང་བོ་བཅས་བྱེད་པའི་སྤྱིའི་བླང་བྱར་དམ་པོར་དམིགས་ནས་དུས་རིམ་བགར་ཏེ་དོན་འཁྱོལ་དམ་འཛིན་བཟང་བོ་བྱས་པ་དང་།   འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་བར་མ་ཟད།   ལམ་དྲའི་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་།    ཞིང་སྡེའི་གཞུང་ལམ་དོ་སྲུང་ཆུ་ཚད་རྒྱུན་མཐུད་ངང་མཐོར་འདེགས་སུ་བཏང་སྟེ་རྫོང་ཡོངས་ཀྱི་ཞིང་སྡེའི་གཞུང་ལམ་འཕེལ་རྒྱས་ཞབས་ཞུའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་།

གོ་རིམ་རྗེས་མར།   སྟོང་སྐོར་རྫོང་གིས་འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ལ་དམིགས་ནས།   ཕྱོགས་བསྡུས་འགྲིམ་འགྲུལ་ལམ་དྲའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་།   “བཟང་བོ་བཞིའི་ཞིང་སྡེའི་ལམ”འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་གྲུབ་འབྲས་གསར་པ་དང་ཐོད་བརྒལ་གསར་པ་འབྱུང་བར་རོགས་འདེགས་བྱས་ནས་མི་དམངས་ཡིད་ཚིམས་པའི་འགྲིམ་འགྲུལ་འཛུགས་སྐྲུན་བྱེད་པ་དང་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ།   ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་བསྒྱུར་ཚད་ཇེ་མགྱོགས་སུ་གཏོང་བ་བཅས་ཀྱི་ཐད་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱ་རྒྱུ་རེད།

ལྷ་མོ་ཚེ་རིང་གིས་བསྒྱུར།