མཚོ་སྔོན་གྱི་གྲོང་གསེབ་དར་སྤེལ་སློབ་གླིང་མཚོ་སྔོན་སློབ་ཆེན་དུ་སྒོ་བྱང་བཀལ་ནས་དངོས་སུ་བཙུགས།
2024.03.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས25ཉིན། མཚོ་སྔོན་གྲོང་གསེབ་དར་སྤེལ་སློབ་གླིང་མཚོ་སྔོན་སློབ་ཆེན་དུ་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ་དང་། དེས་རང་ཞིང་གི་གྲོང་གསེབ་དར་སྤེལ་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་མ་ལག་སྔར་ལས་འཐུས་ཚང་དང་མཐོར་འདེགས་བཏང་བ་མཚོན་ལ། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་འཛུགས་སྐྲུན་གྱི་གོམ་སྟབས་ཕྱོགས་ཡོངས་ནས་ཇེ་མགྱོགས་སུ་གཏོང་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་རོགས་འདེགས་བྱེད་པའི་ཐད་མངོན་སུམ་གྱི་དོན་སྙིང་གལ་ཆེན་ལྡན།

མཚོ་སྔོན་གྲོང་གསེབ་དར་སྤེལ་སློབ་གླིང་གིས་འཕེལ་རྒྱས་ཀྱི་དམིགས་འབེན་དང་གནས་ཐིག་གཏན་ཁེལ་གཙོར་འཛིན་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་སྤེལ་གྱི་ཤེས་ལྡན་མི་སྣ་གསོ་སྦྱོང་ཐད་ཞབས་འདེགས་ཞུ་རྒྱུ་དེ་རྐང་འཛུགས་ས་རུ་བྱེད་པ། གྲོང་གསེབ་ཀྱི་ཐོན་ལས་དང་ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས་དང་རྩ་འཛུགས་དར་སྤེལ་ལ་དམ་དུ་དམིགས་པ། གྲོང་གསེབ་འཕེལ་རྒྱས་ཀྱི་ལམ་ཁྲིད་པ་དང་ཐོན་ལས་འཕེལ་རྒྱས་ཀྱི་སྣེ་ཁྲིད་པ། ཞང་སྲོལ་དཔལ་ཡོན་རྒྱུན་འཛིན་པ། ཞིང་ལས་ཚན་རྩལ་ཁྱབ་གདལ་གཏོང་མཁན་དང་སྲིད་ཇུས་ལ་ཆ་རྒྱུས་ཡོད་མཁན་བཅས་སྐྱེད་སྲིང་བྱེད་པར་ཤུགས་བཏོན་ནས། རང་ཡུལ་ལ་བརྩེ་སེམས་ལྡན་པའི་ཞིང་ལས་ཆ་རྒྱུས་ཡོད་པ་དང་ཞིང་སྡེ་དང་ཞིང་ལས་ལ་དགའ་བའི་གྲོང་གསེབ་དར་སྤེལ་གྱི་བྱ་བའི་དཔུང་སྡེ་སྐྱེད་སྲིང་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པའི་བློ་ལྡན་ཚོགས་པ་དང་། ཐོན་སློབ་ཞིབ་གསུམ་མཉམ་བསྲེས་ཀྱི་ཚོད་ལྟ་ཁང་། ཞིང་གསུམ་ལས་བྱེད་པའི་སློབ་གྲྭ རང་ཡུལ་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་ས་རུ་འགྱུར་བྱེད་པ་དང་། དུས་རབས་གསར་བའི་ཞིང་གསུམ་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་ཆེད་ཤེས་ལྡན་མི་སྣའི་འདེགས་སྐྱོར་དང་ནུས་པའི་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།