རང་ཞིང་གིས་ནགས་ཚལ་དང་རྩྭ་སའི་མེ་གསོད་བཀོད་འདོམས་པའི་གསོ་སྦྱོང་སྤེལ།
2024.03.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ནགས་ཚལ་དང་རྩྭ་སའི་མེ་གསོད་བདེ་འཇགས་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བྲེལ་མྱུར་བརྡ་ཐོའི་བླང་བྱ་ལག་བསྟར་ནན་མོ་བྱེད་པ་དང་།   ཉེ་ལམ་གྱི་མེ་གསོད་མི་སྣར་ཤི་རྨས་བྱུང་བའི་བསླབ་བྱ་བསྡུ་ལེན་ཟབ་མོ་བྱེད་པ།   མེ་གསོད་མི་སྣར་ཤི་རྨས་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བཅས་བྱེད་ཆེད།   ཟླ3པའི་ཚེས25ཉིན།  ཞིང་ཆེན་ནགས་ཚལ་དང་རྩྭ་སའི་མེ་འགོག་མེ་གསོད་བཀོད་འདོམས་པུའུ་ཡིས་ཁོངས་གཏོགས་སྡེ་ཁག་སོ་སོ་རྩ་འཛུགས་བྱས་ཏེ་ནགས་ཚལ་དང་རྩྭ་སའི་མེ་གསོད་བཀོད་འདོམས་པའི་གསོ་སྦྱོང་སྤེལ།

ཞིང་ཆེན་ནགག་ཚལ་དང་རྩྭ་སའི་མེ་འགོག་མེ་གསོད་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་གིས་བཀོད་སྒྲིག་ཞིབ་ཚགས་དང་སྔོན་ལ་གྲ་སྒྲིག་བྱས་པ་དང་།   ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གྱིས་གཞུང་ལུགས་ཀྱི་སྤུས་ཚད་མཐོ་བ་དང་དངོས་འཐབ་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་སྐབས་བསྟུན་དཔུང་སྡེའི་གྲ་སྒྲིག་ཚན་ཆུང་གི་ཚན་གཙོ་ཀྲུའུ་ཅན་ཡུང་གདན་དྲངས་ནས་སློབ་ཁྲིད་བྱེད་དུ་བཅུག་ལ།   ཁོས་ལོ་ངོ་སུམ་ཅུའི་ལས་གཉེར་མྱོང་ཚོར་དང་དངོས་འཐབ་ཉམས་མྱོང་།   མེ་གསོད་སྐབས་ཀྱི་བདེ་འཇགས་དང་མེ་གསོད་སྐབས་ཀྱི་བཀོད་འདོམས་ཐད་ནས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མེ་གསོད་བཀོད་འདོམས་པ་རྣམས་ལ་འགྲེལ་བཤད་བྱས་པ་དང་།    ཐོག་དང་པོར་ཆེད་ལས་ཕྱེད་མའི་དཔུང་སྡེ་རུ་ཆེད་ལས་ཅན་གྱི་གསོ་སྦྱོང་བྱས་ཏེ་རང་ཞིང་ལ་མིག་སྔར་ཆེད་ལས་ཅན་གྱི་མེ་གསོད་བཀོད་འདོམས་པ་མེད་པའི་དཀའ་ཁག་ཐག་བཅད།

ཐེངས་འདིའི་གསོ་སྦྱོང་བརྙན་རིས་ཀྱི་རྣམ་པ་བརྒྱུད་དེ་སྤེལ་བ་དང་།    གྲོང་ཁྱེར་དང་རྗོང་།   ཆུའུ་སོགས་སུ་ཡན་ལག་ཚོགས་ར་བཙུགས་ཡོད་ལ། ཞིང་ཆེན་ཡོངས་སུ་བསྡོམས་པས་མི་སྟོང་གཅིག་དང་ཉིས་བརྒྱ་གོ་གསུམ་གསོ་སྦྱོང་ལ་ཞུགས།

ལྷ་མོ་ཚེ་རིང་གིས་བསྒྱུར།