ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ན་གཞོན་རྣམས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་པའི་བརྗོད་དོན་སྙན་ཞུའི་ཚོགས་འདུ་བསྡུས།
2024.03.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ལས་ཁུངས་ཀྱི་ན་གཞོན་རྣམས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་གོ་བ་ལེན་པ་དང་། རིག་གནས་ཀྱི་འགན་འཁྲི་གསར་བ་སྤོབས་པ་ཆེན་པོས་ཁུར་བའི་འགན་འཁྲིའི་འདུ་ཤེས་མཐོར་འདེགས་གཏོང་ཆེད། ཟླ3པའི་ཚེས27ཉིན། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་ནས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་གཞོན་ནུ་རྣམས་ཀྱིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་པའི་བརྗོད་དོན་སྙན་ཞུའི་ཚོགས་འདུ་བསྡུས་པ་དང་།  མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་ལིས་ཧྲུའུ་རོའེ་གདན་དྲངས་ནས་ཁ་བྱང་ལ་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སྙན་ཞུ་ཕུལ་དུ་བཅུག ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོའི་གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱི་འགན་ཁུར་མི་སྣ་དང་གཞོན་ནུའི་གཞུང་ལུགས་སློབ་སྦྱོང་གི་རྐང་འཛིན་པ་བཅས་ཁྱོན་བསྡོམས་མི་ཉིས་བརྒྱ་དྲུག་ཅུ་ལྷག་ཚོགས་འདུར་ཞུགས།

དགེ་རྒན་ཆེན་མོ་ལིས་ཧྲུའུ་རོའེ་ཡིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་དོན་སྙིང་གལ་ཆེན་དང་། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ཕྱོགས་གསུམ་གྱི་ཐད་ནས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་ཀློག་འགྲེལ་བྱས་ཤིང་། གཞུང་ལུགས་ནས་ལག་ལེན་སོགས་ཟུར་མི་འདྲ་བ་ནས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་འགྲེལ་བཤད་ཟབ་མོ་བྱས། ཚོགས་འདུར་ཞུགས་པའི་གཞོན་ནུ་རྣམས་ཀྱིས་གཅིག་གྱུར་གྱིས་བལྟས་ན། ཐེངས་འདིའི་བརྗོད་དོན་སྙན་ཞུར་གཞོན་ནུ་ལས་བྱེད་པས་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་རྩ་བའི་ལྟ་བ་དང་ཚན་རིག་གི་མ་ལག་ལ་གོ་བ་གཏིང་ཟབ་ལེན་པར་མཛུབ་སྟོན་ནུས་པ་ཆེན་པོ་ལྡན་ལ།  ཚང་མས་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་བདེན་དོན་གྱི་གཟི་འོད་དང་ལག་ལེན་གྱི་སྟོབས་ཤུགས་རླབས་ཆེན་ལ་སྔར་ལས་མྱོང་རྟོགས་བྱས་ཏེ། རིག་གནས་ཀྱི་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་། རིག་གནས་ཀྱི་རང་རྟོགས་ཇེ་མཐོར་གཏོང་བ། རིག་གནས་ཀྱི་འགན་འཁྲི་འཁུར་བར་རོགས་རམ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་རིམ་པ་སོ་སོའི་གུང་གཞོན་ཚོགས་པའི་རྩ་འཛུགས་དང་། ལས་ཁུངས་སོ་སོའི་གཞོན་ནུའི་གཞུང་ལུགས་སློབ་སྦྱོང་གི་ཚན་ཆུང་། སྡེ་ཚོགས་འཛུགས་སྐྲུན་འབྲེལ་གཏུག་ཚོགས་ཆུང་བཅས་ཀྱིས་ཐེངས་འདིའི་བརྗོད་དོན་སྙན་ཞུའི་ཚོགས་འདུ་གོ་སྐབས་སུ་བརྩིས་ཤིང་། ཐུན་མོང་སློབ་སྦྱོང་བགྲོ་གླེང་དང་ལས་ཁུངས་བརྒལ་བའི་མཉམ་འབྲེལ་སློབ་སྦྱོང་སོགས་ཀྱི་རྣམ་པ་བརྒྱུད་དེ། ཞི་ཅིན་ཕིང་གི་རིག་གནས་དགོངས་པར་གཞོན་ནུའི་སློབ་སྦྱོང་བྱེད་པའི་བྱེད་སྒོ་རྒྱ་ཆེར་སྤེལ་ནས། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་ཟབ་ཞུགས་མྱོང་རོལ་ཁྲོད་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ལག་ལེན་གྱི་སྟོབས་ཤུགས་རླབས་ཆེན་ལ་མྱོང་རྟོགས་དང་། ཏང་གི་གསར་གཏོད་གཞུང་ལུགས་དེ་རྒྱ་ཆེའི་གཞོན་ནུ་རྣམས་དང་མཉམ་མཐུན་བྱེད་ཐུབ་ལ་མཉམ་སྣང་ཡོད་པ་དང་། མཉམ་སྒྲུབ་བྱེད་ཐུབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།

ལྷ་མོ་འཚོས་བསྒྱུར།