མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་གྱིས་དཔྱིད་ཀའི་རྨོ་འདེབས་ཀྱི་གྲ་སྒྲིག་བྱ་བ་བཟང་བོར་སྒྲུབ་བཞིན་ཡོད།
2024.03.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས27ཉིན། གསར་འགོད་པས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། དཔྱིད་ཚུགས་རྗེས། མཚོ་བྱང་ཁུལ་གྱིས་འབྲུ་རིགས་བརྟན་འཇགས་དང་སྣུམ་འཕར་སྣོན། སྔོ་ཚལ་ཇེ་མང་དུ་གཏོང་བའི་འདེབས་གསོ་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་བསམ་ཕྱོགས་ལ་དམིགས་ནས། རིམ་པ་བཞིན་འབྲུ་རིགས་བདེ་འཇགས་འགན་འཁྲིའི་ལམ་ལུགས་གཏན་ཁེལ་གསལ་བོ་བྱས་པ་དང་། མིག་སྔའི་བར་དུ། ཁུལ་ཡོངས་ཀྱིས་བསྡོམས་པས་རིགས་མི་འདྲ་བའི་ལུད་རྫས་ཏུན་སྟོང་དྲུག་དང་དགུ་བརྒྱ་སོ་ལྔ་གཏོང་འདྲེན་ཉར་གསོག་བྱས་པ་དང་། རིགས་མི་འདྲ་བའི་སྐྱེ་ལྡན་ལུད་རྫས་ཏུན་ཁྲི་གཅིག་དང་སྟོང་ལྔ་དྲུག་བརྒྱ་ཉེར་གཉིས་ལྷག་གསོག་ལ། ས་བོན་སྤྱི་རྒྱ་ས་ཡ་བཞི་དང་འབུམ་དགུ་ཁྲི་བདུན་སྟོང་བཞི་དྲུག་བརྒྱ་ཉར་གསོག་བྱས་པ་དང་། ཞིང་ལས་འཕྲུལ་ཆས་ཁྲི་གཅིག་དང་སྟོང་དྲུག་བརྒྱ་དང་བདུན་ཅུ་ལྷག་ཞིག་གསོ་བྱས་ནས། དཀྱིད་ཀའི་རྨོ་འདེབས་ལ་ཕྱོགས་ཡོངས་ནས་་གྲ་སྒྲིག་བཟང་བོ་བྱས་ཏེ། ལོ་ཧྲིལ་བོའི་འབྲུ་རིགས་བརྟན་འཇགས་དང་མཁོ་འདོན་འགན་སྲུང་བྱེད་པའི་འགོ་བཟང་བོ་བརྩམས།

འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་ཆེད། མཚོ་བྱང་ཁུལ་གྱིས་བརྟན་འཇགས་གཉིས་དང་མཐོར་འདེགས་གཅིག་དམིགས་འབེན་དུ་བྱས་ནས། སྦྲེལ་མཐུད་བཟང་བོ་བྱས་པ་དང་། གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ལ་ཟུང་འབྲེལ་བཟང་བོ་བྱས་ཏེ། ད་ལོའི་འབྲུ་སྣུམ་དང་སྔོ་ཚལ་འདེབས་གསོའི་ལས་འགན་སོ་སོར་སྤྱི་ཆིང་གཉིས་དང་གྲངས་ཆུང་གཅིག་དང་སྤྱི་ཆིང་གཉིས་དང་གྲངས་ཆུང་བརྒྱད། སྤྱི་ཆིང་ལྔ་བརྒྱ་དང་བརྒྱུད་ཅུ་དང་། འབྲུ་སྣུམ་དང་སྔོ་ཚལ་གྱི་ཐོན་ཚད་སོ་སོར་ཏུན་ཁྲི་དྲུག་དང་སྟོང་དྲུག་ལྔ་བརྒྱ་དང་ཏུན་ཁྲི་བཞི་དང་སྟོང་གཉིས་བརྒྱ། ཏུན་སྟོང་དགུ་བཅས་སུ་གཏན་ཁེལ་བྱས་པ་དང་། དུས་ཐོག་ཏུ་ལས་འགན་བགོ་བཤའ་བྱེད་པ་དང་། རིམ་པ་བཞིན་འགན་འཁྲི་ལག་བསྟར་བྱེད་པ་བརྒྱུད་དེ། རྫོང་དང་ཡུལ་ཚོ། སྡེ་བའི་སྟེང་དོན་འཁྱོལ་བྱས་ནས། ལོ་ཧྲིལ་བོའི་འབྲུ་རིགས་བདེ་འཇགས་ཐོན་སྐྱེད་ཀྱི་འགག་སྒོ་དང་པོ་བརྟན་སྲུང་བྱས།

རིན་ཆེན་མཚོས་བསྒྱུར།