མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་ཆེད་མཁས་པའི་བློ་འདོན་ཨུ་ཡོན་ལྷན་ཁང་བཙུགས།
2024.03.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས28ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་ཆེད་མཁས་པའི་བློ་འདོན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཆེད་མཁས་པ་དང་ཤེས་ལྡན་པའི་ཇུས་འདོན་བློ་འདོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཇུས་ཆོད་ཀྱི་ཚན་རིག་རང་བཞིན་ལ་ཤུགས་སྣོན་པ། སྟོབས་ཤུགས་གཅིག་སྡུད་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་གསོ་སྐྱོང་དང་རྒྱ་སྐྱེད་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་ཤུགས་འདོན་ཆེད། ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་ལྗང་མདོག་རྩིས་ནུས་ཐོན་ལས་ཆེད་མཁས་པའི་བློ་འདོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་ཐག་བཅད།

ཆེད་མཁས་པའི་བློ་འདོན་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་། སྲིད་ཇུས་འཆར་འགོད། ལག་རྩལ་ཚད་གཞི་སོགས་ལ་བློ་འདོན་གྲོས་གཞི་འདོན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་རྣམ་གྲངས་གལ་ཆེན་གྱི་རིགས་བསྒྲེས་དང་དཔྱད་འཇོག ཞིབ་བཤེར་རྩིས་ལེན་བྱ་བར་ཟབ་ཞུགས་བྱེད་པ། ཐོན་སློབ་ཞིབ་སྤྱོད་གཏིང་ཟབ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་ལག་རྩལ་གསར་གཏོད་དང་གྲུབ་འབྲས་ཚུལ་སྒྱུར་ལ་ཡར་སྐུལ་བྱེད་པ་དང་། ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་འབྲེལ་ཡོད་ཀྱི་རིག་གཞུང་བགྲོ་གླེང་དང་། ཤེས་ལྡན་མི་སྣ་སྐྱེད་སྲིང་། ཚན་རྩལ་ཁྱབ་གདལ་དྲིལ་སྒྲོག་སོགས་ཀྱི་བྱ་བ་སྤེལ་བ་དང་། ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་འབྲེལ་ཡོད་བྱ་བ་གཞན་དག་ལ་ཟབ་ཞུགས་བྱེད་པའི་འགན་ཁུར་རྒྱུ་རེད

ཞིང་ཆེན་གཞི་གྲངས་ཅུའུ་ཡིས་ཞིང་ཆེན་ཚན་རྩལ་ཐིན་དང་མཉམ་དུ་ཆེད་མཁས་པའི་བློ་འདོན་ཨུ་ཡོན་ལྷན་ཁང་གི་ཞབས་ཞུ་མཐུན་སྦྱོར་བྱ་བ་ལེགས་པོར་བསྒྲུབ་དགོས་པ་དང་།  ཆེད་མཁས་པ་འདེམ་སྒྲུག་དང་། གདན་ཞུ། ཁ་གསབ་སོགས་ཀྱི་བྱ་བ་རྩ་འཛུགས་བྱས་ནས་ལེགས་པོར་བསྒྲུབ་དགོས།

ལྷ་མོ་འཚོས་བསྒྱུར།