མཚོ་སྔོན་མཚོ་ཤར་གྱིས་སྐོར་ཐེངས་གསར་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གསར་འཛུགས་བྱེད་འགོ་ཚུགས།
2024.03.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས27ཉིན།  གསར་འགོད་པས་མཚོ་ཤར་གྲོང་ཁྱེར་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་སྐུལ་འདེད་གཏིང་ཟབ་དང་སྐོར་ཐེངས་གསར་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གསར་འཛུགས་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ཤར་གྲོང་ཁྱེར་གྱིས་སྐོར་ཐེངས་གསར་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གསར་འཛུགས་བྱེད་འགོ་ཚུགས་པ་དེས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་གསར་འཛུགས་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱེད་པ་དང་། དུས་རབས་གསར་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མཚོ་ཤར་གྱི་མ་དཔེ་འབད་པས་གསར་འཛུགས་བྱེད་པའི་ཆེད་རེད།

མི་རིགས་སོ་སོ་རྒྱ་ཆེར་འགྲོ་འོང་དང་ཕྱོགས་ཡོངས་བརྗེ་རེས། གཏིང་ཟབ་མཉམ་འདྲེས་བཅས་ལ་ཡར་སྐུལ་གཏོང་ཆེད། མཚོ་ཤར་གྲོང་ཁྱེར་གྱིས་བཟང་པོ་ལྔའི་གདངས་དབྱངས་གཙོ་བོ་སྒྲོག་ཅིང་། རང་འགུལ་གྱིས་རྒྱལ་ཁབ་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་སྦྲེལ་མཐུད་དང་འདྲེས་པར་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན་ལས་གཞི་ལག་བསྟར་བྱེད་པ་དང་། མི་རིགས་སོ་སོ་ཕན་ཚུན་མཉམ་འདྲེས་རྣམ་པའི་སྤྱི་ཚོགས་སྒྲིག་གཞི་དང་སྡེ་ཁུལ་ཁོར་ཡུག་བསྐྲུན་རྒྱུ་རེད། དེ་དང་མཉམ་དུ། མི་རིགས་མཐུན་སྒྲིལ་དང་ལས་གཉེར་བྱེད་སྟངས་ཡོངས་མཉམ་འདྲེས་འཕེལ་རྒྱས་ཀྱི་ཁེ་ཕན་གཏིང་ཟབ་སྔོག་འདོན་དང་ཚད་ཆེས་ཆེ་བའི་སྒོ་ནས་ཕྱིར་འདོན་བྱེད་པ་དང་། ཁྱད་ལྡན་ཐོན་ལས་ནུས་ཤུགས་ཡོད་རྒུས་གསར་སྤེལ་བྱས་ཤིང་། ཐབས་བརྒྱ་ཇུས་སྟོང་གིས་མི་རིགས་སོ་སོའི་མང་ཚོགས་ཀྱི་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་སྔར་ལས་མང་ཞིང་སྔར་ལས་འདྲ་མཉམ་གྱིས་མི་རིགས་སོ་སོའི་མང་ཚོགས་ལ་ཕན་ཐོགས་པར་བྱེད་རྒྱུ་རེད།  བློ་བརྟན་འགྱུར་མེད་ཀྱིས་བཅོས་སྐྱོང་གི་ཕན་ནུས་མཐོར་འདེགས་གཏོང་བ་དང་། མི་རིགས་ལས་དོན་བཅོས་སྐྱོང་དེ་བདེ་འཇགས་མཚོ་ཤར་འཛུགས་སྐྲུན་ཁྲོད་འཇུག་པ། གཞི་རིམ་བཅོས་སྐྱོང་གི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་བཙུགས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གཞི་རྩ་སྔར་ལས་སྲ་བརྟན་དང་སྦྲེལ་ཐག་སྔར་བས་ཇེ་དམ་དུ་བཏང་ནས། མི་རིགས་སོ་སོའི་མང་ཚོགས་རྣམས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ཁྲོད་ཟབ་ཞུགས་བྱེད་པར་སྣེ་ཁྲིད་བྱེད་རྒྱུ་རེད།

ངོ་སྤྲོད་བྱས་པ་ལྟར་ན།  2019ལོར་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གསར་འཛུགས་ལེགས་འགྲུབ་བྱུང་ཚུན་ནས། མཚོ་ཤར་གྲོང་ཁྱེར་གྱི་མི་རིགས་སོ་སོའི་མང་ཚོགས་རྣམས་གནམ་སྔོན་པོ་དང་ས་ལྗང་ཁུ། ཆུ་དྭངས་མོའི་མཛེས་སྡུག་གི་ཁྱིམ་གཞིས་ཁྲོད་བསྡད་ཅིང་། ཐོབ་སྣང་ཡིད་ཚིམ་པ་དང་སྐྱིད་སྣང་སྔར་ལས་རྒྱུན་མཐུད་ཐུབ་པ། བདེ་སྣང་ལ་སྔར་བས་འགན་སྲུང་ཡོད། མི་རིགས་སོ་སོའི་མང་ཚོགས་རྣམས་ཀྱི་བདེ་འཇགས་དང་འཆམ་མཐུན། བརྟན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་ཁྲོད་ཀྱི་ཕྱུག་འགྱུར་ལམ་བུ་སྔར་ལས་རྒྱ་ཆེ་ཞིང་འཚོ་བ་སྔར་བས་ལེགས་པ་དང་། རིག་གནས་འགྲོ་འོང་བརྗེ་རེས་མཉམ་འདྲེས་ཁྲོད་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པས། ཁ་འབྲལ་མི་ཐུབ་པ་གསུམ་དང་། མཉམ་སྤྱོད་བཞི།  ཁས་ལེན་ལྔ་བཅས་སྔར་ལས་དམངས་སེམས་སུ་འཇགས་པར་བྱས། ཏང་གི་འཛུགས་སྐྲུན་དང་། འཕེལ་རྒྱས་ལ་སྐུལ་འདེད། དམངས་ཚིས་ལེགས་བསྒྱུར། སྐྱེ་ཁམས་འཛུགས་སྐྲུན། གཞི་རིམ་བཅོས་སྐྱོང་། རིག་གནས་དྲིལ་སྒྲོག་བཅས་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། མི་རིགས་སོ་སོའི་མང་ཚོགས་རྣམས་ཀྱིས་སེམས་གཏིང་ནས་ཏང་གི་དྲིན་བསམ་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པར་བྱས།

ལྷ་མོ་འཚོས་བསྒྱུར།