མཚོ་སྔོན་མགོ་ལོག་གི་ལས་རིགས་སློབ་གྲྭའི་མཐར་ཕྱིན་སློབ་མ་ཧྲང་ཧེ་རུ་ལས་ཞུགས་བྱེད་པར་སོང་།
2024.03.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ3པའི་ཚེས30ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡི་རྩ་འཛུགས་བྱས་པའི2024ལོའི་མགོ་ལོག་ཁུལ་གྱི་སྐོར་ཐེངས་དང་པོའི་ཚོགས་སྒྲིག་རང་བཞིན་གྱི་ལས་ཞུགས་དགའ་སྐྱེལ་ཚོགས་འདུ་མགོ་ལོག་ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་རུ་བསྡུས། དགེ་རྒན་གཉིས་ཀྱིས་སྐོར་ཐེངས་དང་པོའི་མི63གྱི་ཚོགས་སྒྲིག་རང་བཞིན་གྱི་ལས་ཞུགས་སློབ་མ་དག་ཁྲིད་ནས། ཉིན་དེར་གནམ་གྲུར་བསྡད་དེ་ཧྲང་ཧེ་རུ་སོང་ནས་མཛེས་བཟོ་སྐྲ་བཞར་དང་མགྲོན་ཁང་དོ་དམ་སོགས་ཀྱི་བྱ་བ་བསྒྲུབ་པར་སོང་། དེ་དང་མཉམ་དུ། མགོ་ལོག་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་ད་དུང་སྐོར་ཐེངས་བགོས་ནས་མགོ་ལོག་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་མཐར་ཕྱིན་སློབ་མ་བརྒྱ་དང་རེ་བརྒྱད་རྩ་འཛུགས་བྱས་ནས་ཧྲང་ཧེ་རུ་ལས་ཞུགས་དངོས་སྦྱོང་བྱེད་པར་མངག་རྒྱུ་རེད།

ངོ་སྤྲོད་བྱས་པ་ལྟར་ན། མགོ་ལོག་ཁུལ་ལས་རིགས་སློབ་གླིང་གི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱེད་དཀའ་བ་དང་ཁྱིམ་ཚང་གི་ཡོང་སྒོ་འཕར་སྣོན་གྱི་འགོ་ཁུངས་གཅིག་རྐྱང་ཡིན་པའི་གནད་དོན་ལ་ཁ་གཏད་དེ། མགོ་ལོག་ཁུལ་གྱིས་འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ནས་ཧྲང་ཧེའི་མཐའ་འཁོར་གྱི་ཁེ་ལས་ཉེར་བདུན་དུ་མགོ་ལོག་ཁུལ་ལས་རིགས་ལག་རྩལ་སློབ་གླིང་གི་མཐར་ཕྱིན་སློབ་མར་བྱ་བའི་ལས་རྐང་འདོན་སྤྲོད་བྱས། མིག་སྔའི་བར་དུ། མགོ་ལོག་ཁུལ་གྱིས་སྐོར་ཐེངས་གཅིག་རྩ་འཛུགས་བྱེད་པ་དང་དེ་བརྒྱུད་སྐྱེལ་དང་སྲ་བརྟན་དུ་གཏོང་བའི་བསམ་ཕྱོགས་ལྟར། མི607བདུན་གྱིས་ལས་ཞུགས་བྱེད་པར་རྩ་འཛུགས་བྱས་པ་དང་། སོ་སོར་ཧྲང་ཧེ་སོགས་ཟུར་གསུམ་གླིང་ས་ཁུལ་ནས་ལས་ཀ་བཀོད་སྒྲིག་བྱས་ཤིང་།མི་རེའི་ཆ་སྙོམས་ཀྱིས་ཟླ་ཕོགས་སྒོར་སྟོང་བདུན་ལ་སླེབས་པར་བྱས།

དེ་ལས་གཞན། ལས་ཞུགས་སློབ་མ་མྱུར་དུ་ཁོར་ཡུག་གསར་བ་དང་ལོབས་འཕྲོད་ཡོང་བར་འགན་སྲུང་བྱེད་པ་དང་། བྱ་བའི་རྩལ་ནུས་སྣ་ཚོགས་ཁོང་དུ་ཆུད་པར་བྱེད་ཆེད། མགོ་ལོག་ཁུལ་གྱི་རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་དང་ཧྲང་ཧེ་རུ་སྡོད་པའི་ལས་ཞུགས་ཞབས་ཞུའི་བྱ་བའི་ས་ཚིགས་ཀྱིས་ད་དུང་ལས་བརྗེ་དང་འཚམས་འདྲི། རོགས་སྐྱོར་སོགས་ཞབས་ཞུ་འགན་སྲུང་བྱ་བ་བསྡོམས་པས་ཐེངས753སྤེལ་ནས། སེམས་ཤུགས་ཡོད་རྒུས་ཧྲང་ཧེ་རུ་ལས་ཞུགས་བྱས་པའི་སློབ་མ་ཚོས་ལས་ཞུགས་དངོས་སྦྱོང་བྱ་བ་བཟང་བོར་སྤེལ་བར་འགན་སྲུང་བྱས།

རིན་ཆེན་མཚོས་བསྒྱུར།