རང་ཞིང་གིས་གཙོ་གནད་བཟོ་ལས་ཐོན་རྫས་ཀྱི་སྤུས་ཀའི་བདེ་འཇགས་ཀྱི་མི་མངོན་པའི་ཉེན་ཁར་གྲལ་བཤེར་དང་བཅོས་སྐྱོང་བྱེད་པའི་ཆེད་དོན་འགུལ་སྐྱོད་བཀོད་སྒྲིག་བྱས་ནས་སྤེལ།
2024.04.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 1

ཟླ3པའི་ཚེས29ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཚེ་སྲོག་རྒྱུ་ནོར་དང་སྤྱི་བའི་བདེ་འཇགས་ལ་འབྲེལ་བའི་གཙོ་གནད་བཟོ་ལས་ཐོན་རྫས་ཀྱི་སྤུས་ཀའི་བདེ་འཇགས་འགོ་ཁུངས་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་། བཟོ་ལས་ཐོན་རྫས་སྤུས་ཀའི་ཐད་བདེ་འཇགས་དོན་རྐྱེན་ཚབས་ཆེན་འབྱུང་བར་དོགས་ཟོན་དང་ཚོད་འཛིན་ནུས་ལྡན་བྱ་ཆེད། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་གཙོ་གནད་ཐོན་རྫས་དང་དམིགས་བྱ་གཙོ་བོ། གནད་དོན་གཙོ་བོ་བཅས་གཅིག་སྡུད་བྱས་ཏེ། ཉེན་ཁ་ཅན་གྱི་རྫས་འགྱུར་ཐོན་རྫས་དང་ཨར་འདམ་སོགས་གཙོ་གནད་བཟོ་ལས་ཐོན་རྫས་རིགས་བཅུ་བཞིའི་སྤུས་ཚད་བདེ་འཇགས་ཀྱི་མི་མངོན་པའི་ཉེན་ཁ་གྲལ་བཤེར་དང་བཅོས་སྐྱོང་བྱེད་པའི་ཆེད་དོན་འགུལ་སྐྱོད་རྩ་འཛུགས་བྱས་ནས་སྤེལ།

ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་གཏན་ཁེལ་གཉིས་དོན་འཁྱོལ་ནན་མོ་བྱས་པ་དང་།  ཐོན་སྐྱེད་ཕྱིར་འཚོང་ཁེ་ལས་ཀྱིས་ཐོན་རྫས་ཀྱི་སྤུས་ཀའི་བདེ་འཇགས་འགན་འཁྲི་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་ནས། འགན་ཁུར་པ་གཙོ་བོས་ཕྱོགས་ཡོངས་ནས་འགན་ཁུར་བ་དང་། སྤུས་ཚད་བདེ་འཇགས་སྤྱི་ཁྱབ་ལྟ་སྐུལ་པ་དང་སྤུས་ཚད་བདེ་འཇགས་མི་སྣས་རིམ་པ་བགར་ནས་འགན་ཁུར་བའི་ཐོན་རྫས་བདེ་འཇགས་འགན་འཁྲིའི་མ་ལག་བཙུགས། ཐོན་རྫས་སྤུས་ཀའི་བདེ་འཇགས་ཉེན་ཁའི་མི་མངོན་པའི་ཉེན་ཁ་རང་བཤེར་རང་བཅོས་བྱས་པ་དང་། ཐོན་སྐྱེད་ཁེ་ལས་ཀྱི་མ་བཅོས་རྒྱུ་ཆའི་ཟོང་འདྲེན་ཞིབ་བཤེར་ཚད་ལེན་དང་བརྒྱུད་རིམ་ཚོད་འཛིན། བཟོ་གྲྭ་ནས་ཐོན་པར་ཞིབ་བཤེར་ཚད་ལེན་བཅས་ལས་རིམ་གཙོ་བོ་དང་། ཉོ་ཚོང་ཁེ་ལས་ཀྱིས་ཉོ་ཚོང་འགོ་ཁུངས་མི་གསལ་བ་དང་། གཅིག་གྱུར་རང་བཞིན་དང་མི་འཚམ་པ། སྤུས་ཚད་ཞན་པའི་ཐོན་རྫས་བཅས་གནད་དོན་གཙོ་བོར་བརྩི་བར་སྐུལ་འདེད་བཏང་། གཙོ་བོ་ཐོན་སྐྱེད་ཆོག་མཆན་དཔང་ཡིག་ཐོབ་པའི་ཁེ་ལས་ཀྱི་འགན་རྩའི་མ་བཅོས་རྒྱུ་ཆ་དང་། ཐོན་སྐྱེད་བརྒྱུད་རིམ། ཕྱིར་གཏོང་ཞིབ་བཤེར་ཚད་ལེན་སོགས་འགག་རྩའི་སྤུས་ཚད་ཚོད་འཛིན་གནད་འཁེལ་ཡིན་མིན་དང་། ཐོན་སྐྱེད་བྱེད་ཡུལ་དང་། ཐོན་སྐྱེད་སྒྲིག་ཆས། ཞིབ་བཤེར་སྒྲིག་ཆས་སོགས་གཏན་འབེབས་བླང་བྱར་འཚམ་མིན་ལ་ཞིབ་བཤེར་བྱས།  གཙོ་བོ་རིགས་གཞན་པའི་ཐོན་སྐྱེད་ལས་ཁུངས་ཀྱི་ཐོན་རྫས་ཀྱི་གཅིག་གྱུར་རང་བཞིན་དང་ཚད་ལྡན་རང་བཞིན་གྱི་གནས་ཚུལ་ལ་ཞིབ་བཤེར་བྱས།

དེ་དང་མཉམ་དུ། འབར་རླངས་ཡོ་བྱད་ཀྱི་སྤུས་ཚད་བདེ་འཇགས་ཆེད་དོན་དག་བཅོས་ཀྱིས་ཕྱིར་ལྟ་བྱེད་པའི་འགུལ་སྐྱོད་རྩ་འཛུགས་བྱས་ནས་སྤེལ་བ་དང་། འབར་རླངས་ཡོ་བྱད་དང་། རླངས་གནོན་འགོག་སྒོ། སྦུག་ལམ་སྦྲེལ་མཐུད། འབར་རླངས་ཕྱིར་ཤོར་བའི་ཉེན་བརྡ་གཏོང་ཆས་སོགས་འབར་རླངས་འབྲེལ་ཡོད་ཀྱི་ཐོན་རྫས་དག2024ལོའི་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཐོན་རྫས་ལྟ་སྐུལ་དོ་དམ་གྱི་དཀར་ཆག་ནང་བཅུག སྐོར་ཞིབ་འདྲི་རྩད་དང་རྒྱུ་སྤུས་ཞིབ་བཤེར། སྤུས་ཀའི་གསོ་སྦྱོང་སོགས་ཀྱི་རྣམ་པ་བརྒྱུད་དེ། ཁེ་ལས་ལ་རོགས་བྱས་ནས་ཐོན་རྫས་ཀྱི་སྤུས་ཀ་མཐོར་འདེགས་སུ་བཏང་། མེ་འགོག་ཤེལ་སྒོ་དང་མེ་གསོད་སྒྲིག་ཆས་ཀྱི་སྤུས་ཀའི་བདེ་འཇགས་དོ་དམ་བྱ་བ་དམ་འཛིན་ནན་མོ་བྱས་ཤིང་། དུས་ཐོག་ཏུ་གནད་དོན་ཅན་གྱི་ཐོན་རྫས་མཐོང་བར་མ་ཟད་ཐག་གཅོད་བྱས་པ་དང་། གནད་དོན་ཅན་གྱི་ཐོན་རྫས་ཁྲོམ་རར་ཞུགས་པར་བཀག་འགོག་དང་ཚོད་འཛིན་ནན་མོ་བྱས་ལ། བདེ་འཇགས་ཀྱི་ཚད་མཐའ་བརྟན་པོར་སྲུང་སྟེ། ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱས།

ལྷ་མོ་འཚོས་བསྒྱུར།