ཞིང་ཆེན་ཡོངས་ཀྱི་གཞུང་ལུགས་བྱ་བའི་གྲོས་ཚོགས་བསྡུས།
2024.04.01 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ3པའི་ཚེས29ཉིན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་གཞུང་ལུགས་དྲིལ་སྒྲོག་བྱ་བའི་གྲོས་ཚོགས་བསྡུས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་པུའུ་ཀྲང་གི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཤིང་། བསམ་བློ་གཅིག་གྱུར་དང་བྱ་བར་ཕྱོགས་བསྡོམས། ལས་འགན་གཙོ་བོར་བཀོད་སྒྲིག་བྱས་ནས། ཞིང་ཆེན་ཡོངས་ཀྱི་གཞུང་ལུགས་དྲིལ་སྒྲོག་བྱ་བའི་སྤུས་ཚད་དང་ཕན་འབྲས་གཉིས་ཀ་མཐོར་འདེགས་གཏོང་བ་དང་། ཆུ་ཚད་གོང་འཕེལ་དུ་འགྲོ་བ་དང་སྐས་རིམ་གསར་བར་སླེབས་པར་སྐུལ་འདེད་བཏང་།

གྲོས་ཚོགས་སྟེང་གཞུང་ལུགས་བྱ་བ་ནི་བསམ་བློ་དང་རིག་གནས་བྱ་བ་དྲིལ་སྒྲོག་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། སྟོབས་ཤུགས་གཅིག་སྒྲིལ་གྱིས་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་རྒྱུ་དང་མི་དམངས་ལ་སློབ་གསོ་གཏོང་བའི་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་ཡིན་ཞེས་ནན་གྱིས་བསྟན། གྲོས་ཚོགས་སྟེང་གཞུང་ལུགས་བྱ་བས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། སློབ་སྦྱོང་དང་སློབ་གསོ་མངོན་གསལ་དོད་པོས་ནང་སྒྱུར་དང་གཞན་སྒྱུར་བྱེད་པ། ཞིབ་འཇུག་དང་འགྲེལ་བཤད་དེ་མངོན་གསལ་དོད་པོས་མ་ལག་ཅན་དང་རིག་ཚན་ཅན་དུ་བསྒྱུར་བ་དང་། དྲིལ་སྒྲོག་དང་སྒྲོག་འགྲེལ་བྱ་རྒྱུ་དེ་མངོན་གསལ་དོད་པོས་གོ་སླ་བ་དང་མང་ཚོགས་ཅན་དུ་འགྱུར་བར་བྱེད་པ། གཡུལ་ས་འཛུགས་སྐྲུན་བྱེད་པར་དོ་དམ་བྱེད་ཐུབ་པ་དང་བེད་སྤྱོད་བྱེད་ཐུབ་པ་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། རུ་ཁག་འཛུགས་སྐྲུན་བྱེད་པར་ཕུལ་བྱུང་ལེགས་འདེམས་མངོན་གསལ་དོད་པོ་ཡོང་བར་བྱེད་པ། བྱ་བའི་རྐྱེན་སྲོལ་ལེགས་སྒྱུར་དང་འཐུས་ཚང་དུ་གཏོང་བ་མངོན་གསལ་དོད་པོ་ཡོང་བར་བྱེད་པ།  དར་ཆ་སྒྲེང་ནས་ཁ་ཕྱོགས་གཏན་འཁེལ་བྱེད་པ་དང་། གཞི་རྩ་བཅོས་སྒྱུར།  བདེན་སྲུང་གསར་གཏོད་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ནས། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་མཚོ་སྔོན་གྱི་ལེའུ་རྩོམ་པར་བསམ་བློ་དང་གཞུང་ལུགས་ཀྱི་འགན་ལེན་སྟོབས་ལྡན་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན།

ལྷ་མོ་འཚོས་བསྒྱུར།