མཚོ་ཤར་གྲོང་ཁྱེར་མཁོ་འཚོང་མ་ལག་གིས་དཔྱིད་ཀའི་རྨོ་འདེབས་དང་ཞིང་ལས་རྒྱུ་ཆས་མཁོ་འདོན་ལ་འགན་སྲུང་བཟང་བོ་བྱས།
2024.04.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ།  གསར་འགོད་པས་མཚོ་ཤར་གྲོང་ཁྱེར་མཁོ་འཚོང་མཉམ་འབྲེལ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།    དཔྱིད་ཀའི་རྨོ་འདེབས་དང་ཞིང་ལས་རྒྱུ་ཆས་མཁོ་འདོན་ལ་སྟོབས་ཤུགས་ཡོད་རྒུས་འགན་སྲུང་བྱེད་པ་དང་།   ལོ་ཧྲིལ་བོའི་འབྲུ་རིགས་ཐོན་སྐྱེད་འཛོམས་པོ་ཡོང་བར་རྨང་གཞི་བརྟན་པོ་འདིང་ཆེད།   མཚོ་ཤར་གྲོང་ཁྱེར་མཁོ་འཚོང་མ་ལག་གིས་མིག་སྔའི་བར་དུ་བསྡོམས་པས་རིགས་སོ་སོའི་ལུད་རྫས་ཏུན་ཁྲི་གསུམ་དང་སྟོང་གཉིས་བདུན་བརྒྱ་དང་ཞིང་སྨན་ཏུན་ཞེ་གསུམ་དང་གྲངས་ཆུང་བརྒྱད།   སྐྱེ་ལྡན་ལུད་རྫས་ཏུན་བཞི་དང་གྲངས་ཆུང་བརྒྱད་དྲུག་གཏོང་འདྲེན་གསོག་ཉར་བྱས།

བསྟུད་མར་ཉིན་འགའི་རིང་ལ།   མཚོ་ཤར་གྲོང་ཁྱེར་མཁོ་འཚོང་མ་ལག་ཞིང་ལས་རྒྱུ་ཆས་མཁོ་འདོན་འགན་སྲུང་ཁེ་ལས་སུ་ཟབ་ཞུགས་བྱས་ནས་ཞིང་ལས་རྒྱུ་ཆས་ཁེ་ལས་ཀྱིས་ཞིང་ལས་རྒྱུ་ཆས་ཀྱི་སྤུས་ཚད་ལ་དོ་དམ་ནན་མོ་བྱེད་པར་མཛུབ་སྟོན་དང་ལྟ་སྐུལ་བྱས་ཏེ་ཞིང་ལས་རྒྱུ་ཆས་ཀྱི་རིན་གོང་གཏན་འཇགས་ཡོང་བར་བྱས་པར་མ་ཟད།   ཞིང་ལས་རྒྱུ་ཆས་ཁྲོམ་རའི་བདེ་འཇགས་བདག་གཉེར་ཞིབ་བཤེས་ལ་མཐུན་སྦྱོར་བྱས་ནས་ཞིང་ལས་རྒྱུ་ཆས་ཁྲོམ་རའི་རྒྱུན་ལྡན་སྒྲིག་ལམ་སྲུང་སྐྱོབ་བྱས།

ལྷ་མོ་ཚེ་རིང་གིས་བསྒྱུར།