དུར་མཆོད་དུས་ཆེན་སྐབས་སུ་ཟི་ལིང་མེ་འཁོར་ས་ཚིགས་ཀྱིས་འགྲུལ་བ་མི་ཐེངས་འབུམ་གཅིག་དང་ཁྲི་གསུམ་སྟོང་ལྔ་སྐྱེལ་རྩིས་ཡོད་པ་རེད། 
2024.04.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

དུར་མཆོད་དུས་ཆེན་སྐབས་སུ་ཟི་ལིང་མེ་འཁོར་ས་ཚིགས་ཀྱིས་འགྲུལ་བ་མི་ཐེངས་འབུམ་གཅིག་དང་ཁྲི་གསུམ་སྟོང་ལྔ་སྐྱེལ་རྩིས་ཡོད་པ་རེད། 

གསར་འགོད་པས་ཟི་ལིང་མེ་འཁོར་ས་ཚིགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། དུར་མཆོད་དུས་ཆེན་སྐབས་སུ་ལྕགས་ལམ་སྐྱེལ་འདྲེན་གྱི་དུས་ཚོད་ནི་ཟླ4པའི་ཚེས3ཉིན་ནས་ཚེས7ཉིན་བར་ཏེ་བསྡོམས་པས་ཉིན་ལྔ་ཡིན་ཞིང་། ཟི་ལིང་མེ་འཁོར་ས་ཚིགས་ཀྱིས་འགྲུལ་བ་མི་ཐེངས་འབུམ་གཅིག་དང་ཁྲི་གསུམ་སྟོང་ལྔ་སྐྱེལ་རྩིས་ཡོད་ལ། ཉིན་རེར་མི་ཐེངས་ཁྲི་གཉིས་དང་སྟོང་བདུན་ལ་སླེབས་སྲིད་པ་དང་། ཚེས3དང་ཚེས6ཉིན་ནི་འགྲུལ་བ་ཆེས་མང་བའི་དུས་ཚོད་རེད།

ཟི་ལིང་མེ་འཁོར་ས་ཚིགས་འགྲུལ་སྐྱེལ་འཁོར་ཁང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་སུང་ཅོན་ཧུའུ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ད་ལོའི་དུར་མཆོད་དུས་ཆེན་སྐབས་ཀྱི་འགྲུལ་རྒྱུན་ནི་ཡུལ་སྐོར་དང་གཉེན་ཉེ་ཐུག་འཕྲད་གཙོ་བོ་ཡིན་པ་དང་། འགྲོ་སྐྱོད་ཀྱི་ཁྱབ་ཁོངས་རྒྱ་ཆེ་ལ་དུས་ཚོད་ལ་སྟབས་བསྟུན་གྱི་ཁྱད་ཆོས་ལྡན་པ་རེད། ཐད་གཏོང་འགྲུལ་རྒྱུན་གཙོ་བོ་ལན་ཀྲིག་དང་ཞི་ཨན། ཁྲིན་ཏུའུ། པེ་ཅིང་བཅས་ཡིན་པ་དང་། དོ་དམ་ཁྱབ་ཁོངས་ཀྱི་འགྲུལ་རྒྱུན་ལྷ་ས་དང་ན་གོར་མོ། གཏེར་ལེན་ཁ་བཅས་གཙོ་བོར་འཛིན་གྱིན་ཡོད་ཟེར།

ཤ་བོ་གསེར་མཚོས་བསྒྱུར།