རང་ཞིང་དུ་བསྟུད་མར་ལོ་ལྔའི་རིང་ལ་ཅུང་ཆེ་བའི་མེ་སྐྱོན་དོན་རྐྱེན་གཅིག་ཀྱང་བྱུང་མེད།
2024.04.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4པའི་ཚེས3ཉིན།   གསར་འགོད་པས2024ལོའི་ཞིང་ཆེན་ཡོངས་ཀྱི་མེ་འགོད་མེ་གསོད་དྲིལ་སྒྲོག་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན།   2023ལོར།    ཞིང་ཆེན་ཡོངས་ཀྱི་མེ་འགོག་མེ་གསོད་བདེ་འཇགས་གནས་བབ་རྒྱུན་མཐུད་ངང་བཟང་ཕྱོགས་སུ་འཕེལ་བ་དང་།   བསྟུད་མར་ལོ་ལྔའི་རིང་ལ་ཅུང་ཆེ་བའི་མེ་སྐྱོན་དོན་རྐྱེན་གཅིག་ཀྱང་མ་བྱུང་བ་དང་།   ལོ་ཉེར་ལྔའི་རིང་ལ་ཚབས་ཆེ་བའི་མེ་སྐྱོན་དོན་རྐྱེན་གཅིག་ཀྱང་མ་བྱུང་བར་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བདེ་འཇགས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན།

2024ལོར།   རང་ཞིང་གི་མེ་འགོག་མེ་གསོད་རོགས་སྐྱོར་རུ་ཁག་གིས་རྩ་བཅོས་མཁྲེགས་གཏོར་གྱི་ལོ་གསུམ་གྱི་འགུལ་སྐྱོད་ལ་དམ་དུ་དམིགས་ནས་མིས་འགོག་པ་དང་ལག་རྩལ་གྱིས་འགོག་པ།    དོ་དམ་བྱས་ནས་འགོག་པ་སོགས་ཀྱི་བྱེད་ཐབས་སྐོར་ཞིག་བཀོད་སྒྲིག་ལག་བསྟར་བྱེད་པ་དང་།    སྡོད་ཁུལ་རྙིང་བའི་མེ་འགོག་མེ་གསོད་ཀྱི་དམངས་ཚིས་བཟོ་སྐྲུན་སྒྱུར་བཀོད་ལག་བསྟར་ཟབ་མོ་བྱེད་པ།   སོལ་རླངས་བདེ་འཇགས་བཅོས་སྐྱོང་སོགས་བཅོས་སྐྱོང་འགུལ་སྐྱོད་སྤེལ་བ།   དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་དམངས་ཡོངས་མེ་འགོག་མེ་གསོད་སྤུས་ཚད་རྟོག་ཞིབ་དང་དཔེ་གཞིའི་ཉེན་བརྡ་སྤེལ་བ།   མངོན་མེད་རྐྱེན་ངན་ཕྱིར་མངོན་པར་བྱེད་པ།   མེ་འགོག་མེ་གསོད་དང་བླངས་ཞབས་ཞུའི་ལས་དོན་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་སོགས་བྱས་ཏེ་དམངས་ཡོངས་ཀྱི་བདེ་འཇགས་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ནས་མཉམ་འཛུགས་མཉམ་བཅོས་ཀྱི་རྣམ་པ་བཟང་བོ་གྲུབ་པར་སྐུལ་འདེད་གཏོང་རྒྱུ་རེད།

ལྷ་མོ་ཚེ་རིང་གིས་བསྒྱུར།