ཉེ་སྔོན་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་མང་ཚོགས་ལུས་རྩལ་ཟི་ཡིས་སྐོར་ཐེངས་གཉིས་པའི་དམངས་ཡོངས་ཀྱི་ལུས་རྩལ་སྦྱོང་བརྡར་དཔེ་སྟོན་གྲོང་ཁྱེར་དང་ས་ཁུལ།དམངས་ཡོངས་ཀྱི་ལུས་རྩལ་སྦྱོང་བརྡར་དཔེ་སྟོན་རྫོང་དང་གྲོང་ཁྱེར། ས་གནས་བཅས་ཀྱི་གསར་འཛུགས་ནང་ཆུད་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། རང་ཞིང་གི་ས་ཁུལ་གཉིས་དེའི་ཁྲོད་དུ་ཚུད་ཡོད།
སྐོར་ཐེངས་གཉིས་པའི་དམངས་ཡོངས་ཀྱི་ལུས་རྩལ་སྦྱོང་བརྡར་དཔེ་སྟོན་གྲོང་ཁྱེར་དང་ས་ཁུལ་གྱི་གསར་འཛུགས་བྱ་བའི་ཞིང་ཆེན་རིམ་པའི་ལུས་རྩལ་སྡེ་ཁག་སོ་སོས་མཚམས་སྦྱོར་བྱས་པ་བརྒྱུད། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡིས་དཔྱད་ཞིབ་བྱས་ཏེ་ཡིད་འཐད་བྱུང་སྟེ་གསར་འཛུགས་ནང་ཚུད་པའི་མིང་ཐོ་གཏན་འཁེལ་བྱས། རྒྱལ་ཡོངས་སུ་བསྡོམས་པས་ས་ཁུལ་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་དང་ས་ཁུལ48ཡོད་པ་དང་། རྫོང་དང་གྲོང་ཁྱེར།ས་ཁུལ་བཅས124སྐོར་ཐེངས་གཉིས་པའི་དམངས་ཡོངས་ཀྱི་ལུས་རྩལ་སྦྱོང་བརྡར་དཔེ་སྟོན་གྲོང་ཁྱེར་དང་ས་ཁུལ་དང་དམངས་ཡོངས་ཀྱི་ལུས་རྩལ་སྦྱོང་བརྡར་དཔེ་སྟོན་རྫོང་དང་གྲོང་ཁྱེར། ས་ཁུལ་གྱི་གྲས་སུ་ཚུད། རང་ཞིང་གི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དང་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་དེའི་གྲས་སུ་ཚུད་ཡོད།
ཉེ་བའི་ལོ་འགའི་རིང་ལ་རང་ཞིང་གིས་གཞི་རྩའི་སྤྱི་བའི་ལུས་རྩལ་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཤུགསབསྣན་པ་དང་། དམངས་ཡོངས་ཀྱི་ལུས་རྩལ་སྦྱོང་བརྡར་བྱེད་སའི་སྒྲིག་ཆས་འཛུགས་སྐྲུན་ལ་གཅིག་འདོམས་བྱས་ཏེ། ཧུར་ཐག་སྒོས་མང་ཚོགས་ཉེ་འགྲམ་གྱི་ལུས་རྩལ་སྦྱོར་བརྡར་ཁྱིམ་ར་གསར་བསྐྲུན་བྱས་ནས་ལུས་ཕུང་སྦྱོང་བརྡར་བྱེད་འདོད་པའི་མང་ཚོགས་དག་ལ་འོས་འཚམ་གྱི་ཚོགས་ར་ཡོད་པར་བྱས། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་ནས་ཡོང་བའི་གཞི་གྲངས་ལྟར་ན། 2022ལོའི་ལོ་མཇུག་ཏུ། ཞིང་ཆེན་ཡོངས་སུ་བསྡོམས་པས་རིགས་སྣ་ཚོགས་ཀྱི་ལུས་རྩལ་ར་བ་ཁྲི་གཉིས་དང་དྲུག་བརྒྱ་སོ་ལྔ་ཡོད་པ་དང་། དེའི་ནང་ཁང་བའི་ནང་དུ་ཡོད་པ་སྟོང་གཅིག་དང་ཉིས་བརྒྱ་སོ་དགུ་ཡོད་ལ། ཕྱི་རོལ་དུ་ཡོད་པ་ཁྲི་གཅིག་དང་སྟོང་དགུ་སུམ་བརྒྱ་གོ་དྲུག་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།