ཟླ4པའི་ཚེས3ཉིན། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་དུར་མཆོད་དུས་ཆེན་གྱི་གུང་གསེང་དང་ལས་ཐོན་སླར་གསོའི་སྐྱེ་ཁམས་ཁོར་ཡུག་ཁུལ་ཁོངས་ལ་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་གྲལ་བཤེར་བྱས་ནས། གླིང་ཁུལ་གཙོ་བོ་དང་ཁེ་ལས་གཙོ་བོས་བདེ་འཇགས་ཐོན་སྐྱེད་བྱེད་ཐབས་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ། ཁོར་ཡུག་བདེ་འཇགས་གནས་བབ་བརྟན་འཇགས་ཡོང་བར་འགན་སྲུང་བྱས།
ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ལྟ་བཤེར་ཚན་ཆུང་བཙུགས་ཤིང་། མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་ཐབས་ལམ་སྤྱད་དེ། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་། ཀན་ཧི་བཟོ་ལས་གླིང་ཁུལ་གྱི་ཁེ་ལས་གཙོ་བོར་ལྟ་བཤེར་བྱས། ལྟ་བཤེར་ཚན་ཆུང་དེ་ཟི་ལིང་གྲོང་ཁྱེར་བཙོག་ཆུ་གཙང་སྒྱུར་ཚད་ཡོད་ཀུང་ཟི་དང་ཡ་གླིང་ཀུའེ་རིགས་མཚོ་སྔོན་མ་རྐང་ཚད་ཡོད་ཀུང་ཟི། མཚོ་སྔོན་ཧ་ཡང་རྒྱུ་ཆའི་བཟོ་གྲྭ། མཚོ་སྔོན་ཧིན་ཙིག་རྫས་འགྱུར་བཟོ་ལས་ཚད་ཡོད་ཀུང་ཟི། མཚོ་སྔོན་ཞང་ཧི་མདོག་ལྡན་ལྕགས་རིགས་ཚད་ཡོད་འགན་འཁྲི་ཀུང་ཟི། མཚོ་སྔོན་ཧོང་ཀྲིན་ཁོར་ཡུག་སྲུང་སྐྱོབ་ཚན་རྩལ་ཚད་ཡོད་ཀུང་ཟི་སོགས་ཁེ་ལས་ཀྱི་ཐོན་སྐྱེད་ཡུལ་དངོས་སུ་སོང་ནས། ཁོར་ཡུག་སྲུང་སྐྱོབ་ཀྱི་སྒྲིག་བཀོད་འཁོར་རྒྱུག་དང་། ཉེན་ཁའི་སྙིགས་རྫས་གསོག་འཇོག་ཉེར་སྤྱོད་དང་ཐག་གཅོད། ཁོར་ཡུག་གི་ཉེན་ཁར་དོགས་ཟོན་དང་འཕྲལ་བསྟུན་བྱེད་ཐབས་ལག་བསྟར་གནས་ཚུལ་བཅས་ལ་ལྟ་བཤེར་བྱས་ཏེ། ཁེ་ལས་ཀྱིས་ཉེན་ཁའི་སྙིགས་རྫས་སྐབས་གསོག་བྱེད་པ་ཚད་ལྡན་མིན་པ་དང་། དངོས་རྫས་གང་སར་གཡུགས་པ་སོགས་ཀྱི་གནད་དོན་མྱུར་དུ་དག་ཐེར་དང་ལེགས་བཅོས་བྱེད་དགོས་པའི་བླང་བྱ་བཏོན།
ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་ཁུལ་ཁོངས་གཙོ་བོ་དང་། ཁེ་ལས་གཙོ་བོ། སྦགས་བཙོག་གི་འབྱུང་ཁུངས་གཙོ་བོ་བཅས་ལ་ཆེད་དོན་གྲལ་བཤེར་བཅོས་སྒྲིག་བྱེད་པར་དམིགས་པ་དང་། ཁེ་ལས་སོ་སོས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་གཙོ་བོ་ལག་བསྟར་ནན་མོ་བྱས་ཏེ། བདེ་འཇགས་ཐོན་སྐྱེད་བྱ་བ་གཙོ་བོར་འཇོག་པ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་སྒྲིག་ཆས་སྒྲིག་བཀོད་དང་རྣམ་གྲངས་འཛུགས་སྐྲུན་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁར་གྲལ་བཤེར་དང་བཅོས་སྐྱོང་བྱེད་པའི་བྱ་བ་ནན་ཏན་གྱིས་ལེགས་པོར་བསྒྲུབ་པ། བཙོག་འགྱུར་འགོག་སེལ་གྱི་སྒྲིག་བཀོད་འཁོར་རྒྱུག་དང་སྲུང་སྐྱོབ། ཉེན་ཁའི་སྙིགས་རྫས་ཐོན་སྐྱེད་དང་སྐབས་གསོག བརྒྱུད་འདྲེན་སོགས་ཀྱི་རིམ་པ་སོ་སོར་ཁོར་ཡུག་དོ་དམ་དང་བདེ་འཇགས་ཐོན་སྐྱེད་ཀྱི་བླང་བྱ་སྣ་ཚོགས་དོན་འཁྱོལ་ནན་མོ་བྱེད་པ། གླིང་ཁུལ་སོ་སོས་དབྱེ་ཞིབ་བརྡར་གཅོད་ལ་ཤུགས་སྣོན་པ་དང་། འཕྲལ་བསྟུན་བྱེད་ཐབས་སྣ་ཚོགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། འཕྲལ་བསྟུན་སྟ་གོན་ལ་ཤུགས་བསྣན་ནས་གྲ་སྒྲིག་ཡོད་ལ་སྐྱོན་ཆ་མེད་པར་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་དུར་མཆོད་དུས་ཆེན་གྱི་གུང་གསེང་སྐབས་དང་ལས་ཐོན་སླར་གསོའི་ཁོར་ཡུག་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན།
ལྷ་མོ་འཚོས་བསྒྱུར།